ལྗང་མདོག་གི་འཕེལ་རྒྱས་འདུ་ཤེས་གཙིགས་སུ་བཟུང་སྟེ་སྐྱེ་ཁམས་དང་འཚོ་བར་རན་པའི་གཞིས་སྡེ་བསྐྲུན་པ།

1.jpg

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པ། བདེ་ལེགས་མཚོ། རིག་འཛིན་ཚེ་རིང་། ཟླ9པའི8ཉིན་གྱི་སྔ་དྲོ། སྐབས་གཉིས་པའི་བོད་འབྲེལ་ཞིང་ཆེན་བཞིའི་རླུང་བརྙན་འཕྲིན་མཉམ་འབྲེལ་མཚོ་ལྷོར་བསྐྱོད་པའི་ཆེད་དོན་བཅར་འདྲི་བྱ་འགུལ་ལ་ཞུགས་པའི་གསར་འགོད་པས་གུང་ཧོ་རྫོང་ཚལ་རྔ་འགག་གྲོང་རྡལ་གྱི་སྐྱེ་ཁམས་གནས་སྐོར་སྤྲོ་སྐྱེལ་ཁུལ་ནས་ཆེད་དོན་བཅར་འདྲི་བྱས། 

     མཚོ་སྔོན་ཚལ་རྔ་འགག་རིག་པའི་དགའ་ཚལ་ཞེས་པའི་རིག་གནས་གནས་སྐོར་མ་རྐང་ཚད་ཡོད་ཀུང་སིའི་ལས་བཟོ་བ་མགུ་གྲགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཚལ་རྔ་འགག་གནས་སྐོར་ཁུལ་ནི་རྨ་ཀླུང་རིང་མོའི་འགྲམ་རྒྱུད་ཀྱི་གྲོང་རྡལ་དང་པོ་ཡིན་པའི་ཆ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཆུ་དྭངས་རི་ལྗང་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་དགོངས་དོན་དེ། ཐོག་མཐའ་བར་གསུམ་དུ་གནས་སྐོར་ཁུལ་འཛུགས་སྐྲུན་གྱིརྩ་བའི་རྩ་དོན་དུ་བཟུང་སྟེ། གནས་སྐོར་ཁུལ་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གོ་རིམ་ཡོངས་སུ་ས་གནས་ཀྱི་ཁོར་ཡུག་སྲུང་སྐྱོབ་དེ་ལས་དང་པོར་བརྩིས་ཏེ། སྤུས་ལེགས་གནས་སྐོར་ཁུལ་འཛུགས་སྐྲུན་བྱེད་པར་འབད་པ་བྱེད་བཞིན་ཡོད། 

     

     ཚལ་རྔ་འགག་རིག་གནས་གནས་སྐོར་མ་རྐང་ཚད་ཡོད་ཀུང་སིའི་ལས་བཟོ་བ།  མགུ་གྲགས།

     ཁོང་གི་མཚམས་སྦྱོར་ལྟར་ན། ཉེ་བའི་ལོ་འགའི་རིང་། ཚལ་རྔ་འགག་སྐྱེ་ཚུལ་གནས་སྐོར་ལས་རིགས་ལ་རིམ་བཞིན་འཕེལ་རྒྱས་བྱུང་ཞིང་། ཁོར་ཡུག་སྲུང་སྐྱོབ་བྱ་བ་རྒྱུན་ཆད་མེད་པར་སྤུས་ལེགས་སུ་སོང་བར་བསྟུན་ནས། གྲོང་རྡལ་ཉེ་འཁོར་གྱི་ལྗང་མདོག་ཅན་དུ་བསྒྱུར་ཚད་བརྒྱ་ཆའི 60ཡན་ལ་ཡན་ལ་སླེབས་ཡོད་པར་མ་ཟད། གནས་སྐོར་ལས་རིགས་ལས་གཞི་འཛུགས་སྐྲུན་ལ་བརྟེན་ནས། ས་རྒོད་དུ་གྱུར་པའི་ས་ཞིང་ཐོན་ཁུངས་ཡང་བསྐྱར་ལུགས་མཐུན་སྒོས་བེད་སྤྱོད་བྱེད་ཐུབ་པར་གྱུར་བས། སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་མིན་པའི་ནུས་པ་སྔོག་འདོན་བྱས། ཚལ་རྔ་འགག་སྐྱེ་ཁམས་གནས་སྐོར་སྤྲོ་སྐྱེལ་ཁུལ་འཛུགས་སྐྲུན་ཕྱོགས་ནས། ཁོར་ཡུག་སྲོང་སྐྱོབ་དང་ཡུལ་མིའི་འཚོ་བར་རན་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཕྱོགས་མང་པོའི་བསྡུ་ལེན་བྱས་ནས། སྐྱེ་ཁམས་ཁོར་ཡུག་མ་ལག་སྲོང་སྐྱོབ་དང་དམངས་ཕན་ལས་དོན་བཅས་ཕྱོགས་གང་མང་ནས་ནུས་པ་ཆེན་པོ་འདོན་བཞིན་ཡོད། 

    ཚལ་རྔ་འགག་སྐྱེ་ཚུལ་གནས་སྐོར་སྤྲོ་སྐྱེལ་ཁུལ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཚལ་རྔ་འགག་གྲོང་རྡལ་དུ་ཆགས་ཡོད། གནས་དེ་ནས་ཆབ་ཆའི་བར་སྤྱི་ལེ48ཡོད་པ་དང་། ཟི་ལིང་བར་སྤྱི་ལེ 147ལྷག་ཡོད།གནས་སྐོར་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ 870ལྷག་ཡོད་རྨ་ཆུའི་ངོགས་གཉིས་སུ་ཆགས་ཡོད་པས། གཙང་བོ་དང་བྲག་འགག ཏན་ཞ(བྲག་དམར)ས་ཁུལ་དང་བྱེ་ཐང་བཅས་ཐུན་མོང་མ་ཡིན་པའི་གནས་སྐོར་ཐོན་ཁུངས་ཕུམ་སུམ་ཚོགས་པ་ཞིག་ལྡན་པས། རྒྱལ་ཡོངས་ཀྱི་མཐོ་སྒང་གི་ས་གཤིས་སྣ་ཚོགས་འཛོམས་པའི་གནས་སྐོར་ཁུལ་གཅུག་པུའང་ཡིན། །

WechatIMG75.jpeg

WechatIMG79.jpeg

WechatIMG78.jpeg

WechatIMG77.jpeg

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།