མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་གྲོས་གཞི་དང་གྲོས་གཞི་སྒྲུབ་པའི་ཕྱོགས་གཉིས་ཀྱི་དཔྱད་གླེང་བཞུགས་མོལ་ཚོགས་འདུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས་9ལ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་གྲོས་གཞི་དང་གྲོས་གཞི་སྒྲུབ་པའི་ཕྱོགས་གཉིས་ཀྱི་དཔྱད་གླེང་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་ཚོགས་འདུར་ཕེབས་པ་དང་འབྲེལ་ཡོད་གསུང་བཤད་གནང་།

ཀྲང་ཧྲིག་ཁྲིན་གྱིས་བསྟན་དོན། གྲོས་གཞི་ནི་མི་དམངས་སྲིད་གྲོས་ཀྱིས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོས་ལྟ་སྐུལ། སྲིད་ཞུགས་སྲིད་མོལ་བཅས་ཀྱི་འགན་ནུས་སྒྲུབ་པའི་ཆེས་ཐད་ཀ་དང་ཆེས་ཕན་ནུས་ལྡན་པའི་བྱེད་སྟངས་ཤིག་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་ལས་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཡིན་པ་མ་ཟད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་གཏོང་བའི་རྣམ་པ་གལ་ཆེན་ཞིག་ཡིན་ལ། ཏང་ཨུ་དང་སྲིད་གཞུང་ལ་རམ་འདེགས་བྱེད་པའི་ཐབས་ཇུས་དམངས་གཙོ་ཅན་དང་ཚན་རིག་ཅན་མངོན་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་གྲོས་གཞིའི་ལས་དོན་ཐད་བཏོན་པའི་བཀོད་སྒྲིག་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ངོས་འཛིན་མཐོ་རུ་གཏོང་བ། ལས་སྒོ་གསར་གཏོད། དོན་འཁྱོལ་དམ་འཛིན་བཅས་བྱས་ནས་ནན་ཏན་གྱིས་གྲོས་གཞིའི་ལས་དོན་ཡག་པོ་སྒྲུབ་དགོས་པར་བསྟན།

ཀྲང་ཧྲིག་ཁྲིན་གྱིས་གྲོས་གཞིའི་སྤུས་ཚད་དང་གྲོས་གཞི་སྒྲུབ་པའི་སྤུས་ཚད། གྲོས་གཞིའི་ཞབས་ཞུའི་སྤུས་ཚད་བཅས་མཐོ་རུ་གཏོང་རྒྱུར་ཤུགས་བསྣན་ནས། གྲོས་གཞིའི་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས་པ་དང་། སྲིད་གྲོས་རྩ་འཛུགས་ཀྱིས་གསོ་སྦྱོང་ལ་ཤུགས་བསྣན་ནས་གྲོས་གཞིའི་སྤུས་ཚད་ཀྱི་འབྱུང་རྩའི་འགག་སྒོ་སྔར་བས་དམ་འཛིན་ཡག་པོ་བྱེད་དགོས། གྲོས་གཞི་འདོན་མཁན་གྱིས་“བརྟག་དཔྱད་ཞིབ་འཇུག་མི་བྱེད་པར་གྲོས་གཞི་མི་འདོན་པའི་”དངོས་དོན་སྒྲུབ་པའི་སྙིང་སྟོབས་བཅངས་ནས། “ཏང་སྲིད་ཀྱི་དགོས་མཁོ་དང་། མང་ཚོགས་ཀྱི་རེ་འདུན། རང་ཉིད་ཀྱི་ཡོན་ཏན་”བཅས་ནས་འགོ་རྩོམ་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། གྲོས་མོལ་ལ་བརྟེན་ནས་ལྟ་སྐུལ་ལ་སྐུལ་འདེད་གཏོང་བ། ལྟ་སྐུལ་ལ་བརྟེན་ནས་ལས་དོན་གཉེར་བར་སྐུལ་འདེད་ཧུར་ཐག་བཏང་ནས། གྲོས་མོལ་གྱི་ཕན་འབྲས་ཆེ་རུ་གཏོང་དགོས། གྲོས་གཞི་སྒྲུབ་གཉེར་གྲོས་མོལ་དང་གྲོས་གཞི་ལྟ་སྐུལ་བྱེད་སྟངས་དང་ཐབས་ལམ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་རྒྱ་སྐྱེད་བཏང་ཡོད་ལ། རང་འགུལ་ངང་བསམ་བློ་བརྗེ་རེས་ཀྱི་སྟེགས་བུ་བསྐྲུན་པ་དང་། གྲོས་གཞིའི་དམིགས་སའི་རང་བཞིན་ཆེ་རུ་གཏོང་དགོས་པར་བསྟན།

ཞིང་ཆེན་ཆུ་བེད་ཐིན་གྱིས་གྲོས་གཞི7ལ་སྤྱི་ཡོངས་ནས་གདེང་འཇོག་བྱས་པ་མ་ཟད། གྲོས་གཞི་བསྒྲུབས་ཚུལ་ངོ་སྤྲོད་ཀྱང་བྱས། གྲོས་གཞི་འདོན་མཁན་དང་“ཕྱོགས་གསུམ་པའི་”འཐུས་མིས་གཏམ་བཤད་དང་དཔྱད་མོལ་བྱས། ཚོགས་ཞུགས་མི་སྣས་གྲོས་གཞིའི་སྤུས་ཚད་དང་གྲོས་གཞི་སྒྲུབ་པའི་སྤུས་ཚད་མཐོ་རུ་གཏོང་བའི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།