མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་(རྒྱ་བསྐྱེད)ཚོགས་འདུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅིའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་(རྒྱ་བསྐྱེད)ཚོགས་འདུ་ལ་གཙོ་སྐྱོང་གནང་ནས། ཀྲུང་དབྱང་གི་ཡིག་ཆ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་(རྒྱ་བསྐྱེད)ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་གནང་ཞིང་། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཝུན་གོ་ཏུང་ལ་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་བཤེར་བྱེད་པའི་གཏན་ཕབ་བརྡ་ཁྱབ་བཏང་བ་རེད། ཚང་མས་ཀྲུང་དབྱང་གི་ཆོད་དོན་ལ་མཐའ་གཅིག་ཏུ་བརྩི་བཀུར་བྱེད་པ་དང་། མཐའ་གཅིག་ཏུ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱས་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་དགོས་པར་བསྟན།

ཚོགས་འདུའི་སྟེང་ཝུན་གོ་ཏུང་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་དང་འབྲེལ་ཞིང་། རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པ་དང་། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་བཤེར་དང་ལེན་བྱས་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ཆད་པ་ནན་མོ་གཅོད་པའི་སྤོབས་པའི་དཔའ་གདེང་མཐོ་བ་དང་།  སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་ནན་མོ་བྱེད་པའི་ཟིལ་ཤུགས་ཆེན་པོ་གང་ལེགས་ངང་མངོན་ཡོད་ལ། ང་ཚོས་ཏང་ནང་རུལ་སུངས་སུ་གྱུར་པའི་བྱ་སྤྱོད་ལ་ངེས་པར་ཏུ་ངོ་རྒོལ་དང་། ལྐོག་ཟའི་སྤྱོད་ངན་ལ་ངེས་པར་ཏུ་གཙང་སེལ་བྱེད་པའི་རྣམ་འགྱུར་གསལ་པོ་གང་ལེགས་གིས་མཚོན་ཡོད། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པ་དང་ཁྱད་པར་དུ་འགོ་ཁྲིད་ལས་བྱེད་པས་གཟབ་ནན་གྱིས་“འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་སྲུང་བྱེད་པ། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བར་གདེང་ཚོད་ཡོད་པ། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཆོད་དོན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱའི་ཐོག་མཐའ་གཅིག་ཏུ་གཅིག་གྱུར་བྱེད་དགོས་པར་བསྟན།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། གཏིང་ཟབ་སྒོས་བསླབ་བྱ་དང་ལེན་བྱས་ཏེ་དེ་མེ་ལོང་དུ་འཛིན་པ་དང་། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་བརྩི་སྲུང་ནན་མོ་བྱས་ནས་ཁྲིམས་ལྟར་སྲིད་འཛིན་ནན་པོ་བྱེད་པ། སྤྱོད་གཙང་སྲིད་སྐྱོང་དང་སྤྱོད་གཙང་དབང་སྤྱོད། སྤྱོད་གཙང་རང་གཅུན། སྤྱོད་གཙང་ཁྱིམ་སྐྱོང་བཅས་རྒྱུན་འཁྱོངས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་དང་འཇིགས་སྣང་ཡོད་པ་རྒྱུན་འཁྱོངས། མ་མཐའི་ཚད་གཞི་སྲུང་བ་བཅས་ཀྱི་ཚད་མཐོའི་རང་རྟོགས་སྲུང་འཛིན་བྱེད་དགོས། ཏང་ཀྲུང་དབྱང་གིས་ཏང་གིས་ཏང་སྐྱོང་བ་དང་། ཕྱོགས་ཡོངས་ནས་ཏང་སྐྱོང་བ་མཐའ་འཁྱོངས་བྱེད་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། བརྗོད་དོན་གྱི་འགན་འཁྲི་དང་“ལས་གནས་གཅིག་གི་འགན་འཁྲི་གཉིས་”དོན་འཁྱོལ་ནན་མོ་བྱེད་པ། ཏང་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་བརྟན་པོར་འཁུར་བ། བློ་བརྟན་འགྱུར་མེད་ངང་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་གཞི་རྩའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བཅས་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་ལ་ཕབ་པའི་བྱ་བའི་བཀོད་སྒྲིག་ལྟར། སེམས་རྣལ་དུ་ཕབ་ནས་ལས་དོན་དམ་འཛིན་བྱས་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་སྔར་བས་ལེགས་པོའི་སྒོ་ནས་སྤྱི་འདོམས་བྱེད་པ། “བརྟན་ལྷིང་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། “འགན་སྲུང་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དཔལ་འབྱོར་བརྟན་འཇགས་དང་བདེ་འཇགས་ངང་འཕེལ་རྒྱས། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།