མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཆེད་སྦྱོང་གསོ་སྦྱོང་འཛིན་གྲྭ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས8ནས་ཚེས9ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཆེད་སྦྱོང་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་འགོ་ཚུགས་མཛད་སྒོར་ཕེབས་ཤིང་གསུང་བཤད་གནང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥུང་ཁྲུན་འགོ་ཚུགས་མཛད་སྒོར་ཞུགས། 

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ནི་དུས་རབས་གསར་པའི་ཆ་རྐྱེན་འོག “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་སུ་དུས་རབས་གསར་པའི་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ལས་དོན་ལ་སྤྱི་འདོམས་ཇུས་འགོད་བྱེད་པའི་ཚོགས་འདུ་གལ་ཆེན་ཞིག་རེད། དུས་རབས་གསར་པའི་བོད་སྐྱོང་ཇུས་ཆེན་ནི་ང་ཚོས་བོད་འབྲེལ་ལས་དོན་ཡག་པོ་བསྒྲུབ་པའི་རྩ་བའི་གཞི་འཛིན་ས་ཞིག་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས།  

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་འཕྲལ་དུ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ནས་བརྒྱུད་བསྒྲགས་སློབ་སྦྱོང་དང་བཀོད་སྒྲིག་དོན་འཁྱོལ། བྱ་ཐབས་འཐུས་ཚང་བཅས་ཕྱོགས་གསུམ་ཐད་ཀྱི་བསམ་འཆར་བཏོན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་འཚོགས་པ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན།  

མགོན་པོ་བཀྲ་ཤིས་ཀྱིས“ངེས་པར་དུ་བྱེད་དགོས་པ་བཅུ”ནང་དོན་དུ་བྱེད་པའི་དུས་རབས་གསར་པའི་བོད་སྐྱོང་ཇུས་ཆེན་གྱི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ནས། ཆབ་སྲིད་ཀྱི་ཁ་ཕྱོགས་དང་དུས་མཚམས་རང་བཞིན་གྱི་ཁྱད་ཆོས། གཞི་རྩའི་བླང་བྱ། འཕེལ་རྒྱས་ཀྱི་ནང་དོན། ལས་ཀའི་གཙོ་ཐིག དུས་རབས་ཀྱི་ཁ་ཕྱོགས། སྐྱེ་ཁམས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཛིན་པ་སོགས་བླང་བྱ་གལ་ཆེན་དག་ཁོང་དུ་ཡང་དག་པར་ཆུད་པ་བྱས་ཏེ་དུས་རབས་གསར་པའི་བོད་སྐྱོང་ཇུས་ཆེན་གྱིས་བོད་འབྲེལ་ལས་དོན་ལ་སྤྱི་འདོམས་བྱེད་དགོས་པ་དང་། ཚོགས་འདུའི་དགོངས་དོན་དྲིལ་བསྒྲགས་ལ་སྣང་ཆེན་བྱས་ནས་མང་ཚོགས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་དྲིན་ཚོར་འདུ་ཤེས་ཇེ་ཟབ་ཏུ་བཏང་སྟེ་དུས་རབས་གསར་པར་བོད་ཁུལ་བཅོས་སྐྱོང་དང་འཛུགས་སྐྲུན། དར་རྒྱས་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་ཞེས་བླང་བྱ་བཏོན།  

ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་བོད་འབྲེལ་ལས་དོན་གྱི་འགན་འཁུར་བློ་མཐུན140ལྷག་གསོ་སྦྱོང་ནང་ཞུགས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།