གསར་འགོད་པ་བརྒྱ་ལྷག་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ཁུལ་དུ་བསྐྱོད་ནས་སྐྱེ་ཁམས་ཉམས་ལེན་དང་དང་བླངས་པའི་ཞབས་ཞུའི་ལས་དོན་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་གཙོ་གཉེར་དང་། མདོ་ལ་རྫོང་ཨུ་དང་རྫོང་སྲིད་གཞུང་། མདོ་ལ་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡིས་འགན་སྒྲུབ་གནང་བའི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དུ་གསར་འགོད་པ་བརྒྱ་ལྷག་མཚོ་སྔོན་དུ་བསྐྱོད་པའི་མུ་འབྲེལ་བྱེད་སྒོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་སྤེལ་འགོ་ཚུགས་པ་རེད།

“ཀྲུང་གོའི་བརླན་སའི་གླིང་ཕྲན”དུ་གྲགས་པའི་མདོ་ལ་རི་བོ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ཞིང་། རང་རྒྱལ་གྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་དང་སྐྱེ་ཁམས་སྣ་མང་རང་བཞིན་སྲུང་སྐྱོང་སྔོན་ཐོན་ས་ཁོངས། འཛམ་གླིང་གི་འཁྱག་གྲང་མཐོ་བའི་ཐོན་ཁུངས་མཛོད། རི་སྐྱེས་སྲོག་ཆགས་གནས་སྤོ་བཅས་བྱེད་པའི་བར་ཁྱམས་གལ་ཆེན་ཞིག་ཡིན་ལ། དེར་མ་ཟད་རི་དྭགས་གསའ་དང་། ཤྭ་བ་མཆུ་དཀར། ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་འཚོ་གནས་བྱ་ཡུལ་དང་ཁྱབ་ཁུལ་གཙོ་བོ་ཡིན་པས། ཀྲུང་གོའི་ནུབ་རྒྱུད་ཀྱི་སྐྱེ་ཁམས་ལ་ཤུགས་རྐྱེན་གལ་ཆེན་ཐེབས་བཞིན་ཡོད།

ཐེངས་འདིའི་བྱེད་སྒོར། མཚོ་སྔོན་བཅའ་སྡོད་ཀྲུང་དབྱང་སྨྱན་སྦྱོར་ཚན་ཁག་དང་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་སྨྱན་སྦྱོར་གསར་འགོད་པ་གདན་དྲངས་ནས། དུས་ཡུན་ཉིན་གསུམ་གྱི་དུས་ཚོད་ནང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཉམས་ལེན་དང་དང་བླངས་ཞབས་ཞུ་སོགས་ཀྱི་ལས་དོན་སྤེལ་ནས། སྨྱན་སྦྱོར་གྱི་ཟུར་ཚད་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་རྒྱུད་ཀྱི་རང་བྱུང་ཁོར་ཡུག་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་སྔོག་འདོན་དང་། མདོ་ལ་རི་བོའི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཉམས་ལེན་དང་རང་བྱུང་ལྟ་ཞིབ། རང་བྱུང་སློབ་གསོ་བཅས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།