ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་9པའི་ཚེས་8ཉིན་གྱི་ཕྱི་དྲོའི་དུས་ཚོད6དང་སྐར་མ30ཡི་སྟེང་། རྒྱལ་སྤྱིའི་མཁའ་འགྲུལ་གནམ་གྲུCA1261བདེ་བླག་ངང་ཟི་ལིང་གནམ་གྲུ་ཐང་ལ་འབྱོར་བ་དང་་བསྟུན། མཚོ་སྔོན་གྱི་རྒྱལ་ཡོངས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པའི་དཔའ་བོ་དཔའ་མོ་རྣམས་བདེ་བླང་ངང་ཕྱིར་ཟི་ལིང་དུ་ཐོན།
འཐུས་མི20ཡིས་བྲང་ལ་མེ་ཏོག་དམར་པོ་བཏགས་པ་དང་ལག་ཏུ་མེ་ཏོག་བཟུང་ནས་རྡོ་སྐས་ལས་བབས་ཤིང་། ཁོང་ཚོའི་ནང་དུ་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་། ཉེན་རྟོག་པ། སྨན་བཅོས་མི་སྣ། སྲིད་གཞུང་གི་ལས་དོན་མི་སྣ། དང་བླངས་པ་བཅས་ཡོད། ཁོང་ཚོ་ནི་མཚོ་སྔོན་གྱི་ཕུལ་དུ་བྱུང་བའི་མང་ཚོགས་ཀྱི་ཚབ་བྱེད་མི་སྣ་ཡིན་པ་དང་། འདས་ཟིན་པའི་ཟླ་བ་བརྒྱད་ལྷག་གི་ནང་ཁོང་ཚོས་མཚོ་སྔོན་གྱི་མི་དམངས་ཁྲི600དང་ལྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་འགོག་བཅོས་ཕྱོགས་ཀྱི་ཡིག་རྒྱུགས་ཆེན་པོ་ཐེངས་ཤིག་སྤྲད་དེ་གྲུབ་འབྲས་གང་ལེགས་བླངས་ཡོད།
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
གཟེངས་རྟགས་ཀྱིས་གཏམས་པའི་ཁོང་ཚོ་ཕྱིར་འབྱོར་ཡོད།