ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས7ཉིན། “འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ན་གཞོན་ཤེས་ལྡན་པའི་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་ཟི་ལིང་དུ་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་དང་། ཀྲུང་དབྱང་རྩ་འཛུགས་པུའུ་ཤེས་ལྡན་པའི་ལས་དོན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། ཀྲུང་དབྱང་ཤེས་ལྡན་པའི་ལས་དོན་མཐུན་སྦྱོར་ཚན་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཉིག་ཝེས་ཧུང་ཚོགས་འདུ་ལ་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་རིམ་པ་མཐོ་བའི་ཤེས་ལྡན་པའི་རྒྱལ་ཁབ་གནས་བབ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་མ་དང་། “འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་བྱ་གཞག་ཁག་གཅིག་གི་ནང་དངོས་སུ་ཞུགས་མྱོང་མཁན། རྒྱལ་ཡོངས་ས་གནས་ཁག་གི་ན་གཞོན་ཤེས་ལྡན་པའི་བཅས་ཀྱི་འཐུས་མི200ལྷག་ཙམ་གླེང་སྟེགས་ནང་ཞུགས་ཡོད་པ་རེད།
ཝང་ཡུས་ཡན་གྱིས་ཞིང་ཆེན་ཏང་ཨུའི་ཚབ་ཞུས་ནས་གླེང་སྟེགས་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ཁོང་གིས་མཚོ་སྔོན་ནི“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་ཀྱི་འབྱུངས་ཁུངས་ཡིན་པ་དང་། “འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཡོད། ཐེངས་འདིའི་གླེང་སྟེགས་གཉེར་བ་ནི། “འབར་མདེལ་གཉིས་དང་འཁོར་སྐར་གཅིག་”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཡིན་ལ། ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་མཚོ་སྔོན་གསར་པའི་སྙིང་སྟོབས་ཀྱི་མཐོ་རླབས་གསར་བ་སྐྲུན་པའི་དངོས་ཡོད་དགོས་མཁོ་དང་། ན་གཞོན་ཤེས་ལྡན་མི་སྣའི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་སྔར་བས་ཤུགས་སྣོན་པའི་རྟེན་གཞི་གལ་ཆེན་ཞིག་ཡིན་པར་བསྟན་པ་མ་ཟད། ཁོང་གིས་“འབར་མདེལ་གཉིས་དང་འཁོར་སྐར་གཅིག་”གི་སྙིང་སྟོབས་ལ་དུས་རབས་ཀྱི་གཟི་བྱིན་འབར་བར་བྱ་རྒྱུ་ནི་རྒྱ་ཆེའི་ན་གཞོན་ཚོར་སྤྲད་པའི་དུས་རབས་ཀྱི་འགན་འཁྲི་ཡིན། མ་འོངས་པའི་ཕུགས་བསམ་སྔར་ལས་ལྷག་པ་འཛུགས་པ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན། དུས་རབས་ཀྱི་འགན་འཁྲི་འཁུར་བ་བཅས་བྱས་ནས། རྒྱལ་གཅེས་ལེགས་སྐྱེས་འབུལ་བ་དང་གསར་གཏོད་བྱེད་ཕོད་པའི་དམ་བཅའ་འཇོག་པ། མེས་རྒྱལ་ལ་ངོ་གནོང་མི་དགོས་པ་དང་། མི་དམངས་ལ་ངོ་གནོང་མི་དགོས་པ། དུས་རབས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་མི་ཚེའི་དོན་སྙིང་ལེན་དགོས་པར་བསྟན་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ན་གཞོན་ཤེས་ལྡན་པའི་གླེང་སྟེགས་འགོ་ཚུགས་པ།