ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོགས་ཆུང་དང་པོ་ནས་ལྔ་པའི་བར་གྱིས་སོ་སོར་ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་རེས་སྐོར་བདུན་པའི་སྐོར་ཞིབ་བྱ་ཡུལ་ས་ཁུལ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཚན་པའི་ཏང་རྩ་འཛུགས་བཅོ་ལྔའི་སྐོར་ཞིབ་གནས་ཚུལ་ལ་ཁྱོན་ཡོངས་ནས་ཚུར་ལན་གནང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་ཐེང་ཅ་ཚའེ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཡུས་ཡན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་རྣམས་སོ་སོ་ནས་ཚུར་ལན་ཚོགས་འདུར་ཞུགས།
རེས་སྐོར་འདིའི་སྐོར་ཞིབ་ལས་དོན་གྱི་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལག་བསྟར་བྱས་ཏེ། ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་མཐའ་འཁྱོངས་དང་ཆབ་སྲིད་ལྟ་སྐུལ་ལ་ཤུགས་སྣོན། སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱི་འགན་ནུས་དང་འགན་འཁྲིར་རྩེ་གཅིག་ཏུ་དམིགས་པ་དང་། “སྲུང་སྐྱོང་གཉིས”ཀྱི་བྱ་སྤྱོད་དངོས་ལ་ལྟ་སྐུལ་བྱེད་པར་དམིགས་པ། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་བཅས་དང་དེ་བཞིན་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་འཐབ་ཇུས་བཀོད་སྒྲིག་གནས་ཚུལ་དོན་འཁྱོལ་དང་། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་བྱས་ཚུལ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་དང་། རྩིས་བཤེར། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོ་དོན་འཁྱོལ་བྱས་ནས་གནད་དོན་དག་ཐེར་ཡོ་བསྲང་བྱས་ཚུལ་ལ་ཞིབ་ལྟ་བྱས།
ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གི་ཙུའུ་ཀྲང་གིས་སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ་དང་མགོ་ཁྲིད་ཚན་ཁག་ལ་སྐོར་ཞིབ་བྱས་ཚུལ་ཚུར་ལན་གནང་ཡོད། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་དགོས་ཤིང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་དང་། ཏང་ལེགས་སྐྱོང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བཅས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་སྔར་ལས་སྲ་བརྟན་དུ་གཏོང་དགོས། གློ་ཚད་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། “བརྟན་ལྷིང་དྲུག”གི་ལས་དོན་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པ་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པའི་ཁྲོད་ཡར་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད་པས། གྲུབ་འབྲས་ཁས་ལེན་བྱེད་འོས་པ་ཞིག་རེད་ཅེས་བསྟན།
ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོ་ཆུང་གི་མགོ་འཛིན་གཞོན་པ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འགན་ཁུར་བ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་ཨུ་ལྷན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ། ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་མངགས་གཏོང་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་འགན་འཁུར་བ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། །
རྩོམ་སྒྲིག་པ། གསང་བདག་རྒྱལ།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོགས་ཆུང་གིས་ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་རེས་སྐོར་བདུན་པའི་སྐོར་ཞིབ་གནས་ཚུལ་ལ་ཁྱོན་ཡོངས་ནས་ཚུར་ལན་གནང་།