མགོ་ལོག་གིས་མང་ཚོགས་དབུལ་པོའི་ལག་ཤེས་སྒྱུ་རྩལ་ཐོན་རྫས་ཐད་གཏོང་འོས་ཚོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐབས་འདིའི་སྐྱེ་ཁམས(ཐོན་ལས)དངོས་མང་འགྲེམས་སྟོན་དང་བོད་རུམ་འགྲེམས་སྟོན་གྱི་བྱེད་སྒོ་གཙོ་བོའི་གྲས་ཤིག་ཡིན་པའི་ངོས་ནས། མགོ་ལོག་ཁུལ་གྱི་བོད་རུམ་འཁེལ་འཐག་ལག་རྩལ་འགྲན་འགྲན་བསྡུར་དང་འོས་འཚོང་བྱེད་སྒོ་དེ་ཟླ9པའི་ཚེས6ཉིན་ནས་འགོ་བཙུགས་ཤིང་ཟླ9པའི་ཚེས8ཉིན་བར་རྒྱུན་མཐུད་པ་རེད། “དྲ་སྦྲེལ+”རྣམ་པ་བརྒྱུད་མི་སྔར་བས་མང་པོས་བོད་རུམ་ཐོན་ལས་དང་དབུལ་སྐྱོར་ཐོན་ལས་ལ་དོ་ཁུར་བྱེད་དུ་བཅུག་ཡོད།

ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་འོས་ཚོང་བྱེད་སྒོར་བོད་རུམ་འཁེལ་འཐག་ལག་ཤེས་བརྩམས་ཆོས60གྲ་སྒྲིག་བྱས་པ་ཚང་མ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་འབྲོག་པ་དབུལ་པོས་བཟོས་པ་ཤ་སྟག་རེད། མིག་སྔའི་བར་བརྩམས་ཆོས30ལྷག་ཙམ་བཙོངས་ཟིན་པར་ཡོང་འབབ་སྒོར་ཁྲི1.7རེག་པ་དང་། འོས་འཚོང་བྱེད་སྒོའི་ཡོང་འབབ་ཚང་མ་ལག་ཤེས་ས་གདན་བཟོ་མཁན་ལ་སྤྲད་ནས། ཞིང་འབྲོག་པའི་འཚོ་བ་ཇེ་ལེགས་སུ་བཏང་ནས་དབུལ་ཐར་འགག་སྒྲོལ་ལ་རམ་འདེགས་བྱས།

དྲ་ཐོག་ནས་ཐད་གཏོང་འོས་འཚོང་བྱེད་སྒོ་སྤེལ་བ་བརྒྱུད། མི་སྔར་བས་མང་པོས་བོད་རུམ་སྒྱུ་རྩལ་ལ་ཤེས་རྟོགས་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་ལ་རྒྱུས་ལོན་ཐུབ་པ་བྱས། ང་ཚོས་དྲ་ཐོག་ཐད་གཏོང་འོས་ཚོང་དེ་ཡུན་རིང་གི་བྱ་འགུལ་ཞིག་ཏུ་འགྱུར་བར་རེ་བ་བྱེད་ཀྱིན་ཡོད་ཅིང་། བོད་རུམ་སྒྱུ་རྩལ་དྲིལ་བསྒྲགས་དང་བྲིན་ཚོང་གི་ཐབས་ལམ་རྒྱ་ཆེར་བཏང་ནས་མགོ་ལོག་གི་ཞིང་འབྲོག་པ་དབུལ་པོའི་ཡོངས་འབབ་འཕར་སྣོན་ཕྱུག་འགྱུར་ལ་རོགས་རམ་བྱེད་རྒྱུ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། མགོ་ལོག་གི་དབུལ་ཕོངས་ས་ཁུལ་གྱིས2018ལོ་ནས་བཟུང་དབུལ་པོའི་ས་གདན་ལག་ཤེས་གསོ་སྦྱོང་འཛིན་གྲྭ་ལག་བསྟར་བྱས་ཚུན། ཐེངས2ཀྱི་གསོ་སྦྱོང་འཛིན་གྲྭ4གཉེར་བ་ལེགས་གྲུབ་བྱུང་ཡོད་ལ། ཞིང་འབྲོག་པ200ཙམ་གསོ་སྦྱོང་ནང་ཞུགས་ནས་དབུལ་ཐར་བྱེད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན། 2020ལོའི་ལོ་འཁོར་གྱི་གསོ་སྦྱོང་ཡང་འགོ་རྩོམ་ལ་ཉེ་བས། སྔར་ལས་ལྷག་པའི་སྒོ་ནས་ས་མཐོའི་ལག་ཤེས་པ་མང་པོ་གསོ་སྐྱོང་བྱས་ཏེ་ས་གནས་དེ་གའི་དབུལ་ཐར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།