སྐབས་གཉིས་པའི་བོད་འབྲེལ་ཞིང་ཆེན་བཞིའི་རླུང་བརྙན་འཕྲིན་མཉམ་འབྲེལ་མཚོ་ལྷོར་བསྐྱོད་པའི་ཆེད་དོན་བཅར་འདྲིའི་བྱ་འགུལ་དངོས་སུ་མགོ་བརྩམས།

  1.jpg

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པ། བདེ་ལེགས་མཚོ། རིག་འཛིན་ཚེ་རིང་། ཟླ9བའི་ཚེས7ཉིན་གྱི་དགོང་མོར། ཀྲུང་གུང་མཚོ་ལྷོ་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་དང་མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་འགན་སྒྲུབ་བྱས་ཤིང་། མཚོ་ལྷོ་ཁུལ་གྱི་རྫོང་ཁག་ལྔའི་ཏང་ཨུའི་དྲིལ་སྒྲོག་པུའུ་དང་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་རོགས་སྒྲུབ་བྱས་པའི《མཚོ་ལྷོའི་འཕོ་འགྱུར་གསར་བར་བལྟ། དག་ཞིང་མཚོ་ལྷོར་ཡང་བསྐྱར་འགྲིམས》ཞེས། སྐབས་གཉིས་པའི་བོད་འབྲེལ་ཞིང་ཆེན་བཞིའི་རླུང་བརྙན་འཕྲིན་མཉམ་འབྲེལ་མཚོ་ལྷོར་བསྐྱོད་པའི་ཆེད་དོན་བཅར་འདྲི་བྱ་འགུལ་མགོ་རྩོམ་པའི་མཛད་སྒོ་དེ། མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་བསྡུས། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་དང་བྱ་འགུལ་འདི་གཙོ་སྒྲུབ་མཛད་པའི་འབྲེལ་ཡོད་མི་སྣ། མཚོ་སྔོན་དང་སི་ཁྲོན། ཀན་སུའུ། ཡུན་ནན་བཅས་བོད་འབྲེལ་ཞིང་ཆེན་བཞིའི་རྒྱང་སྒྲོག་བརྙན་འཕྲིན་དང་། སྨྱན་བྱད་གསར་བའི་ལས་ཁུངས་བཅུ་ལྷག་གི་གསར་འགོད་པ་སོགས་མི་བརྒྱ་ལྷག་མཛད་སྒོ་སྟེང་ཞུགས། 

མཛད་སྒོའི་སྟེང་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཆན་གོ་ཆིན་གྱིས་ཆེད་དོན་བཅར་འདྲི་བྱ་འགུལ་མགོ་རྩོམ་པར་ཁྱབ་སྒྲོག་བྱས་ཤིང་བཅར་འདྲའི་དར་ཆ་སྤྲད། མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་འགོ་གཙོ་གཞོན་པའམ་ཁུལ་དྲ་འཕྲིན་གཞུང་སྒྲུབ་ཁང་གི་འགོ་གཙོ་ཧྥུའུ་ཡུས་ལེན་གྱིས་མཛད་སྒོར་འགོ་འཛིན་བྱས། མཚོ་ལྷོ་ཁུལ་རིག་གནས་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་འགོ་གཙོ་རིན་བྷེས་མཛད་སྒོ་སྟེང་ཤིས་ཚིག་ཕུལ།

WechatIMG64.jpeg

ཆན་གོ་ཆིན་གྱིས་ཆེད་དོན་བཅར་འདྲི་བྱ་འགུལ་མགོ་རྩོམ་པར་ཁྱབ་སྒྲོག་བྱེད་བཞིན་པའི་ཚུལ།

WechatIMG66.jpeg

ཆན་གོ་ཆིན་གྱིས་ཆེད་དོན་བཅར་འདྲི་བྱ་འགུལ་གྱི་དར་ཆ་སྤྲོད་བཞིན་པའི་ཚུལ།

WechatIMG63.jpeg

ཧྥུའུ་ཡུས་ལེན་གྱིས་མཛད་སྒོར་འགོ་འཛིན་བྱེད་བཞིན་པའི་ཚུལ།

WechatIMG65.jpeg

རིན་བྷེས་མཛད་སྒོ་སྟེང་ཤིས་ཚིག་ཕུལ་བཞིན་པའི་ཚུལ།

རྒྱུས་ལོན་ལྟར་ན། ཐེངས་འདིའི་བཅར་འདྲི་དེ་སྤྱི་ཟླ9པའི་ཚེས8ཉིན། གུང་ཧོ་རྫོང་ནས་འགོ་བརྩམས་སྟེ་རིམ་བཞིན་ཞིན་ཧེ་དང་ཐུན་ཏེ། ཀོས་ནན། ཁྲི་ཀ་རྫོང་བཅས་སུ་ཆེད་དོན་བཅར་འདྲི་བྱེད་རྒྱུ་རེད། མཛད་སྒོའི་སྟེང་ད་དུང་མཚོ་ལྷོའི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱས།  །

WechatIMG56.jpeg

WechatIMG58.jpeg

WechatIMG57.jpeg


རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།