མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་མ་ལག་གི་འགོ་ཁྲིད་ལས་བྱེད་པའི་གསོ་སྦྱོང་ཆེན་མོ་འགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་ཁུལ་དང་རྫོང་གི་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་འགོ་ཁྲིད་མི་སྣའི་ཕྱོགས་བསྡུའི་བྱང་ཚད་ནུས་པ་མཐོར་འདེགས་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་སློབ་འགོ་ཚུགས། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་རྫོང་གི་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་འགོ་ཁྲིད་མི་སྣ31གསོ་སྦྱོང་ལ་ཞུགས། 

ཐེངས་འདིའི་གསོ་སྦྱོང་ནི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གནང་བའི་བྱེ་བྲག་གི་བྱ་ཐབས་ཡིན་ལ། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བ་དང་། སྦགས་གཙོག་འགོག་བཅོས་ཀྱི་འགག་སྒྲོལ་གཡུལ་འཐབ་ལས་རྣམ་པར་རྒྱལ་བ། བློ་དཀར་སྤྱོད་གཙང་གི་འགན་འཁུར་ནུས་པའི་སྐྱེ་ཁམས་ཁོར་སྲུང་གི་དམག་དཔུང་སྒྲིག་པ་བཅས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་གལ་ཆེན་ཞིག་ཡིན།

ཐེངས་འདིའི་གསོ་སྦྱོང་གིས་གཅིག་བསྡུའི་གསོ་སྦྱོང་བརྒྱུད་“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་བབས་ཤེས་རྟོགས་བྱུང་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མ་ལག་གི་འགོ་ཁྲིད་ལས་བྱེད་པའི་ཆེད་ལས་ཀྱི་བསམ་ཕྱོགས་དང་ཕྱོགས་བསྡུས་ནུས་པ་མཐོར་འདེགས་དང་། སྔར་ལས་ལྷག་པར་“བྱས་རྗེས་ངས་འཇོག”ཅེས་པའི་འགན་འཁྲི་འཁུར་སེམས་དང་“ང་ལས་གཞན་མེད”ཅེས་པའི་འོས་འགན་འཁུར་སེམས། “དུས་ཀྱིས་སུ་ལའང་མི་སྒུག་”ཅེས་པའི་བྲེལ་འཚབ་འདུ་ཤེས་བཅས་ཆེ་རུ་བཏང་ནས་འགོ་ཁྲིད་སྣེ་འདྲེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོང་དང་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྲ་བརྟན། དྭངས་གཙང་ཆུ་བོ་ཤར་གྱི་ཕྱོགས་སུ་རྒྱུག་པར་ཁག་ཐེག་བྱེད་པར་བྱས་རྗེས་འཇོག་དགོས། 

ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་གསོ་སྦྱོང་དུས་ཐེངས་གསུམ་དུ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)དང་རྫོང(ཆུས)གི་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་འགོ་ཁྲིད་མི་སྣ་ཡོངས་ལ་གསོ་སྦྱོང་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།