མཚོ་སྔོན་ཞིང་ཆེན་གྱིས“གཞུང་བྱེད་པ་ཡག་ཤོས”ཀྱི་འོས་སྦྱོར་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ཀྲུང་དབྱང་རྩ་འཛུགས་པུས“གཞུང་ལས་པ་ཡག་ཤོས”ཀྱི་འོས་སྦྱོར་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་འབྲེལ་ཡོད་བླང་བྱ་ལྟར《“གཞུང་བྱེད་པ་ཡག་ཤོས”ཀྱི་འོས་མི་འོས་སྦྱོར་ལས་ཀ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》འགྲེམ་སྤེལ་བྱས་ཏེ། “གཞུང་བྱེད་པ་ཡག་ཤོས”ཀྱི་ཞིང་ཆེན་ནང་ཁུལ་གྱི་འོས་སྦྱོར་ལས་དོན་ནན་ཏན་གྱིས་སྤེལ་འགོ་ཚུགས།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་འོས་སྦྱོར་ལས་དོན་ཐད་གཙོ་བོ་གཞི་རིམ་དང་ལས་ཀའི་འཐབ་ཕྱོགས་དང་པོར་ཕྱོགས་པ་དང“བརྟན་བརླིང་དྲུག”དང“འགན་ལེན་དྲུག”གི་ལས་འགན། དབུལ་ཐར་མཁྲེགས་གཏོར། རིམས་ནད་སྔོན་འགོག་ཚོད་འཛིན། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ། འབྲུབ་འགོག་གེགས་སེལ་སོགས་འཐབ་ས་དང་པོ་ནས་ཐོན་པའི་གཞུང་བྱེད་པའི་སྔོན་ཐོན་དཔེ་མཚོན་མི་སྣ་འོས་སྦྱོར་བྱ་རྒྱུར་དོ་སྣང་བྱས་པ་རེད། ཏང་ཨུའི་རིམ་པ་སོ་སོའི་འགོ་ཁྲིད་ཀྱིས་ལྟ་སྐུལ་བྱེད་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ནང་གྲོས་གང་ལེགས་དང་དམངས་གཙོའི་འོས་སྦྱོར་བྱས་པའི་རྨང་གཞིའི་ཐོག གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་འོས་སྦྱོར་བྱ་ཡུལ་གནས་སའི་སྡེ་ཁག་དུ་ཟབ་ཞུགས་བྱས་ཏེ། འོས་མིར་རྟོག་ཞིབ་དང་ཞིབ་བཤེར་ནན་པོ་སོགས་ཀྱི་བྱེད་ཐབས་བརྒྱུད། ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་འོས་སྦྱོར་བྱ་ཡུལ་གྱི་ཆབ་སྲིད་མཚོན་ཚུལ་དང་བྱས་རྗེས་གཙོ་བོར་རྒྱུས་ལོན་བྱས་ཐོག “སྐྱོན་ཆ་ཡོད་པའི”འོས་སྦྱོར་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡིན་པ། བྱས་རྗེས་བླ་མེད་བཞག་ཡོད་པ། མང་ཚོགས་གྱིས་ཁས་ལེན་པ་བཅས་ཀྱི་གཞུང་ཞབས་པའི་སྔོན་ཐོན་དཔེ་མཚོན་ངོ་མ་འདེམས་སྒྲུག་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།