ཆེད་མཁས་པས་མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ལས་སྲུང་སྐྱོང་འཕེལ་རྒྱས་སྐོར་བགྲོ་གླེང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས་6ཉིན། མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ལས་དང་སྐྱེ་ཁམས་སྲུང་སྐྱོང་གི་རྩེར་སོན་གླེང་སྟེགས་བསྡུས། ཀྲུང་ཕྱིའི་ཚོང་ལས་མཐུན་ཚོགས་དང་། ཁེ་ལས་པའི་འཐུས་མི། ཆེད་མཁས་མཁས་དབང་དག་གིས་མཚོ་སྔོན་གྱི་སྐྱེ་ཁམས་ལ་དམིགས་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ལས་སྲུང་སྐྱོང་དང་འཕེལ་རྒྱས་སྐོར་བགྲོ་གླེང་གནང་། 

གླེང་སྟེགས་ཐོག ཀྲུང་གོའི་བཟོ་སྐྲུན་ཁང་གི་ཨར་ལས་དང་ཆུ་བེད། འཛུགས་སྐྲུན་བཟོ་བཀོད་རིག་པའི་ཡོའན་ཧྲི་ཏེང་མིན་ཅང་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་གླིང་གི་རིག་གཞུང་ཡོན་ཀྲང་ཀྲའོ་ཤིན་ཆོན་དང་། ཆིང་ཧྭ་སློབ་ཆེན་གྱི་རྒྱུན་གདན་དགེ་རྒན་ཆེན་མོ་ཧོང་དབྱེེ་ཧྥེ། མཚོ་སྔོན་ཞིང་ཆེན་ཕྱུགས་ལས་ཕྱུགས་སྨན་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ལིའུ་ཧྲུའུ་ཅེ་སོགས་ཆེད་མཁས་པས་ཀྲུང་གོའི་ནུབ་བྱང་རྒྱུད་ཀྱི“ཆུའི་ཐིག་གསུམ”འཛུགས་སྐྲུན་གྱི་བར་སྟོང་ཆགས་སྟངས་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལགྱི་་རྩྭ་ཐང་སླར་གསོ། སྐྱེ་ཁམས་ཐོན་ལས། འབྲི་གཡག་ཐོན་ལས་འཕེལ་རྒྱས་སོགས་ཕྱོགས་མང་པོའི་ཐད་ནས་གཏམ་བཤད་གནང་ཞིང་། ཟུར་ཚད་དང་ཞིབ་འཇུག་གི་ཁ་ཕྱོགས་གསར་པས་ཐུན་མོང་ཐོག་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཞིབ་དཔྱད་གནང་། 

གསར་འགོད་པས་གླེང་སྟེགས་ལས་ཤེས་རྟོགས་བྱུང་བ་ལྟར་ན། ད་ཆ་མཚོ་སྔོན་ཞིང་ཆེན་དུ་ལྗང་མདོག་ནུས་རྒྱུ་དང་ལྗང་མདོག་ཐོན་ལས། ལྗང་མདོག་འཛད་སྤྱོད། ལྗང་མདོག་ཞིང་འབྲོག་ལས་བཅས་ཀྱི་སྒྲོམ་གཞིའི་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་ཤིག་གཞི་རྩའི་ཆ་ནས་ཆགས་ཡོད། མཚོ་སྔོན་ཞིང་ཆེན་གྱིས་ནུས་རྒྱུ་བསྲི་ཚགས་ཀྱི་ཁོར་ཡུག་སྲུང་སྐྱོང་ཐོན་ལས་དང་ནུས་རྒྱུ་གཙང་མའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་ལྗང་མདོག་དང་གྲུབ་ཆ་ལེགས་པའི་འཐབ་ཇུས་རང་བཞིན་གྱི་སྐྱེ་ཁམས་ཐོན་ལས་ཁག་གཅིག་བཏོད་ཡོད། 

དེའི་ནང་། “སྒོར་དུང་ཕྱུར་སྟོང་བཞིའི”ཐོན་ལས(ལི་གློག རྒྱུ་ཆ་གསར་པ། འོད་ཤུགས་བཟོ་སྐྲུན། ཚྭ་མཚེའུ་རྫས་འགྱུར་བཟོ་ལས།)དང་།  “ཆན་ཝ་ཁྲི་སྟོང་རིམ་པའི་”སླར་སྐྱེ་རུང་བའི་ནུས་ཁུངས་རྟེན་གཞི་གཉིས།(མཚོ་ལྷོ་དང་མཚོ་ནུབ་གཉིས་ཀྱི་ཆན་ཝ་ཁྲི་སྟོང་རིམ་པའི་སླར་སྐྱེ་རུང་བའི་ནུས་ཁུངས་རྟེན་གཞི་གཉིས།) “ལྗང་མདོག་ཐོན་ལས་ཀྱི་ལག་རྩལ་མ་ལག་བརྒྱད་”(ནུས་ཁུངས་གསར་པ་དང་། རྒྱུ་ཆ་གསར་པ། སྔོན་ཐོན་བཟོ་སྐྲུན། དེང་རབས་སྐྱེ་དངོས། དེང་རབས་ཞིང་ཕྱུགས་ལས་རིགས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མཐོ་སྒང་སྨན་བཅོས་འཕྲོད་བསྟེན། ཆ་འཕྲིན་ལག་རྩལ་གསར་པ།)བཅས་ཀྱི་རྣམ་པ་རགས་ཙམ་ཆགས་ཤིང་འཁོར་རྒྱུག་བཟོ་ལས་ཀྱི་འཕར་ཐང་གི་ཟིན་ཚད60%རུ་སླེབས་ཡོད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།