མདོ་ལ་རྫོང་གིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་ཏན་ཏིག་སྒོས་ཁུར་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མུ་རི་གཏེར་ཁུལ་དང་མདོ་ལ་རིང་མོའི་ལྷོ་རྒྱུད་ཀྱི་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་ཇུས་གཞི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་རྗེས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཟུར་བསྟན་ལེབ་མཐོང་དང་གནད་དོན་བཙལ་འཚོལ་གྱིས་སྐྱོན་ཆ་གསབ་པ། ལེགས་ཆ་སྲ་བརྟན་བྱས་ཏེ་འགན་འཁྲི་འཁུར་སེམས་ཆེན་པོས་མདོ་ལ་རི་བོའི་སྐྱེ་ཁམས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་བཏང་། 

མདོ་ལ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་དག་ཐེར་ཡོ་བསྲང་དང་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་དེ་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་འགན་འཁྲིའི་“ལས་འགན་དང་པོར”བརྩིས་ནས་གྲལ་བཤེར་ཆེན་པོ་དང་བརྟག་ཞིབ་ཆེན་པོ། བཅོས་སྒྲིག་ཆེན་པོ་བཅས་ཀྱི་ཆེད་དོན་བྱ་སྤྱོད་དང་དྲ་སྦྲེལ་རྣམ་པའི་སྐྱེ་ཁམས་ཁོར་ཡུག་ཁྲོད་ལྷག་པའི་གནད་དོན་གྲལ་བཤེར་བྱས་པ་དང་། ལྟ་སྐུལ་ཞིབ་བཤེར་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ནས་ཕན་འབྲས་འགན་ལེན་བྱས། བཙན་པོ་དང་འཐབ་ཕོད་པའི་བློ་སྟོབས་དང་དཔའ་བོས་ལག་པ་གཅོད་ཕོད་པའི་ཆོད་སེམས་ཀྱིས་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་བཅོས་སྒྲིག་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།  “གནད་དོན་གཅིག་དང་ཇུས་གཞི་གཅིག འགོ་ཁྲིད་གཅིག་གིས་འགོ་མཇུག་སྐྱོང་བཞེས་པ་དག་ཐེར་ཡོ་བསྲང་དང་རང་བཤེར་ལས་ཀའི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་བཅོས་སྒྲིག་དང་བཅོས་བསྒྱུར་བྱ་རྒྱུར་དམ་འཛིན་ནན་པོ་བྱས། 

ལྗང་མདོག་གཞི་ཐིག་ཏུ་འཛིན་པ་དང་སྐྱེ་ཁམས་སྔོན་འགྲོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས། རྫོང་རིམ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ22ཀྱིས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་ཁྲིད་དེ་རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གཙོ་གནད་ས་ཁོངས་དང་གཏེར་རིའི་ལས་ཡུལ་ཁག70ལ་བསྐྱོད་དེ་ཡུལ་དངོས་ལྟ་ཞིབ་དང་སྙན་ཞུར་ཉན་པ་དང་། ཕྱོགས་ཡོངས་ནས་ལྟ་ཞིབ་དང་ཞིབ་བཤེར་བྱས་ཏེ་གནད་དོན་ཁག33རྙེད་ཅིང་གནད་དོན17ལ་འཕྲལ་དུ་བཅོས་སྒྲིག་བྱ་རྒྱུའི་བཀའ་རྒྱ་བཏང་། སྐྱེ་ཁམས་སྐོར་སྐྱོད་རུ་ཁག27དང་ཏང་ཡོན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གདོང་ལེན་ཞབས་ཞུ་རུ་ཁག25བཙུགས། ལས་གནས་མེད་པའི་ཏང་ཡོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དཔེ་སྟོན་ལས་གནས188 བཙུགས། ཁོར་ཡུག་སྐོར་ཞིབ་ཐེངས35བྱས་པ་དང་ཁུངས་སྣེ3གོང་ཞུ་བྱས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།