ལས་ཤོར་ཉེན་སྲུང་གི་ཕན་ཁེ་ཕྱིར་བཏོན་ནས་ལས་བགོས་དང་དམངས་ཚིས་གཏན་འཇགས་སུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན། ད་ལོའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་རིམས་ནད་ལ་གདོང་གཏད་དེ་ལས་བགོས་ལ་འགན་སྲུང་བྱས་ཤིང་། ཁྱོན་ཡོངས་ནས་ལས་ཤོར་ཉེན་སྲུང་མ་དངུལ་རེ་ཞུ་དང་། བདེ་འཇགས་སྒོས་ལས་སྒྲུབ་བྱེད་པ། ཁེ་ལས་སྤྱི་ཚོགས་ཉེན་སྲུང་འགྲོ་གྲོན་ཉུང་དུ་གཏོང་བ་དང་ཕྱིར་འགྱངས་བྱེད་པ། ལས་ཤོར་ཉེན་སྲུང་དང་ལས་གནས་གཏན་འཇགས། ཕྱིར་སྤྲོད་པ། ལས་ཤོར་ཉེན་སྲུང་གི་ཁྱབ་ཁོངས་རྒྱ་བསྐྱེད་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། ལས་ཤོར་ཉེན་སྲུང་ཞབས་ཞུ་སྐུལ་འདེད་བཏང་། ཟླ7པའི་ཟླ་མཇུག་བར་དུ། ལས་ཤོར་མི་སྣའི་ཁ་གསབ་རོགས་དངུལ་ལེན་པའི་རེ་ཞུ་བ1366ལ་ཞིབ་བཤེར་ཐོབ་པ་དང་། ཁྱོན་བསྡོམས་ལས་ཤོར་མི་སྣ470ཡི་ལས་ཤོར་ཁ་གསབ་མ་དངུལ་སྒོར་ཁྲི57.53བྱིན་པ་དང་། ལས་ཤོར་ཞིང་ལས་བ19ལ་གནས་སྐབས་ཁ་གསབ་རོགས་དངུལ་སྒོར་ཁྲི1.22བྱིན། 

ཉུང་དུ་གཏོང་བ་དང་མེད་པར་བཟོ་བ། ཕྱིར་སྤྲོད་པའི་སྲིད་ཇུས་ཀྱིས་ལས་བགོས་གཏན་འཇགས་སུ་བཏང་། ཟླ7པའི་ཟླ་མཇུག་བར་དུ། ལས་གནས་གཏན་འཇགས་ཕྱིར་སྤྲོད་མ་དངུལ་སྒོར་དུང་ཕྱུར1.16བཏང་བ་དང་། འགན་སྲུང་ཁྲོད་ཞུགས་པའི་དུད་ཁྱིམ་5649དང་ལས་བཟོ་བ་མི་ཁྲི26.63ཡོད་ཅིང་། སྐོར་དང་པོའི་དཀའ་ཁག་ཡོད་པའི་དུད་ཁྱིམ18ལ་ལས་གནས་གཏན་འཇགས་ཕྱིར་སྤྲོད་མ་དངུལ་སྒོར་དུང་ཕྱུར1.75བྱིན་ལ། ལས་བཟོ་བ་མི་ཁྲི1.92ལ་ཕན་ཁེ་བཏང་། སྐོར་གཉིས་པའི་དཀའ་ཁག་ཡོད་པའི་ཁེ་ལས་བ་དང་ལས་གནས་གཏན་འཇགས་ཕྱིར་སྤྲོད་མ་དངུལ་སྒོར་དུང་ཕྱུར་2.2ཡོད་པ་དང་། སྔོན་རྩིས་བྱས་ན་ཟླ8པའི་ཟླ་མཇུག་ཏུ་བྱིན་ཚར་རྒྱུ་ཡིན་པ་དང་ལས་བཟོ་བ་མི་ཁྲི2.4ལ་ཕན་ཁེ་བསྐྲུན་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།