ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས་3ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་རྒྱ་བསྐྱེད་གྲོས་ཚོགས་ཐེངས་47པ་བསྡུས་ཏེ། ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་པོད་གསུམ་པའི་ནང་དོན་ལ་སློབ་སྦྱོང་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་བྱས་ཤིང་བསམ་འཆར་བཏོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་མ་ཟད་བླང་བྱ་བཏོན། ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་གཞོན་པ་མ་ཝེ། ཀའོ་ཧྭ། ཏང་ཙུའུ་ཁོངས་མིའམ་དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་གྲོས་ཚོགས་སུ་ཞུགས། ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི་ཟུར་ཞུགས་བྱས།
གྲོས་ཚོགས་ལས་ཀྲུང་དབྱང་གི་རྨ་ཆུའི་འབབ་རྒྱུད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད་རྩ་གནད་ལ་སློབ་སྦྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་འབབ་རྒྱུད་ས་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དམ་འཛིན་བྱེད་པ་དང་། རང་འགུལ་སྒོས་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་སྒྲིག་བཟོའི་རྨ་ཆུའི་འབབ་རྒྱུད་ཀྱི་མཚོ་སྔོན་ས་མཚམས་ཀྱི་བྱ་བའི་ཁྲོད་ཞུགས་ཏེ། ཁྲིམས་འཛུགས་དང་ལྟ་སྐུལ་མཛུབ་སྟོན་གྱི་ཐད་ནས་བྱེད་ནུས་འདོན་སྤེལ་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་འཐུས་ཚབ། དམངས་ཆེན་ལས་སྒྲུབ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟའ་བཏུང་ཐད་ཀྱི་ཆུད་ཟོས་གཏན་འགོག་བྱེད་པའི་བྱ་སྤྱོད་ཐད་ཀྱི་མཆན་བཀོད་མཛུབ་སྟོན་དུ་བྱས་ཏེ། གྲོན་ཆུང་ལག་ལེན་བྱེད་མཁན་གྱི་དཔེ་སྟོན་པ་དང་ལྟ་སྐུལ་མཛུབ་སྟོན་པ་ཞིག་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་ལས། མུ་རིའི་གཏེར་ཁུལ་དང་ཆི་ལེན་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་མཚམས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཁྲོད་གནས་ཚད་གཏན་འཁེལ་དང་། འབྲེལ་ཡོད་ཁྲིམས་འཛུགས་ལྟ་སྐུལ་བྱེད་པ། འགན་འཁྲི་ཇེ་དྲག་ཏུ་བཏང་ནས་དམངས་ཆེན་གྱི་བྱེད་ནུས་འདོན་སྤེལ་བྱེད་དགོས། གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱས་ནས། བསམ་བློ་དང་བྱེད་སྟངས་གཉིས་ཏང་ཀྲུང་དབྱང་གི་བླང་བྱ་སྟེང་གཅིག་གྱུར་བྱེད་དགོས་པའི་བླང་བྱ་བཏོན།
གྲོས་ཚོགས་ཀྱིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་འགན་ཁུར་དོན་འཁྱོལ་བྱེད་པའི་ཞིབ་ཐོར་བགྲོ་གླེང་བྱས། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་རྒྱ་བསྐྱེད་གྲོས་ཚོགས་བསྡུས།