ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི། ཚྭ་འདམ་གཞོང་དཔལ་འབྱོར་འཁོར་རྒྱུག་ཚོད་ལྟ་ཁུལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝུན་གོ་ཏུང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས། རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་ལེན་བྱེད་བཞིན་ཡོད་པ་རེད། །
ཝུན་གོ་ཏུང་ངོ་སྤྲོད་མདོར་བསྡུས།
ཝུན་གོ་ཏུང་། ཕོ། རྒྱ་རིགས། 1968ལོའི་ཟླ8པར་སྐྱེས། མཚོ་སྔོན་ཟི་ལིང་གི་མི་ཡིན། 1987ལོའི་ཟླ7པར་བྱ་བར་ཞུགས། 1995ལོའི་ཟླ8པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གླིང་གི་ཁྲིམས་ལུགས་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་བསླབ་གནས། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ། མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི། ཚྭ་འདམ་གཞོང་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་ཁུར་ཡོད།
1987ལོའི་ཟླ7པ་ནས1989ལོའི་ཟླ7པའི་བར། མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་ཧྲང་ཤིན་ཀྲོང་ཧྲིན་ནན་སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་དགེ་རྒན་གྱི་འགན་ཁུར།
1989ལོའི་ཟླ7པ་ནས1991ལོའི་ཟླ3པའི་བར། མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་གཞུང་ལས་ཁང་གི་དྲུང་ཡིག་དང་རྒྱང་སྒྲོག་ས་ཚིགས་ཀྱི་གསར་འགོད་པའི་འགན་ཁུར།
1991ལོའི་ཟླ3པ་ནས1991ལོའི་ཟླ11པའི་བར། མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་ཨུའི་གཞུང་ལས་ཁང་གི་དྲུང་ཡིག་གི་འགན་ཁུར།
1991ལོའི་ཟླ11པ་ནས1996ལོའི་ཟླ4བའི་བར། མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་ཏང་ཨུའི་གཞུང་ལས་ཁང་གི་དྲུང་ཡིག་དང་། དྲུང་ཡིག་ཁའོ་ཡི་ཁའོ་ཀྲང་གཞོན་པ། ཁའོ་ཀྲང་བཅས་ཀྱི་འགན་ཁུར།
1996ལོའི་ཟླ4བ་ནས1996ལོའི་ཟླ7པའི་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཨུའི་གཞུང་ལས་ཁང་གི་ཁའོ་རིམ་པ་དངོས་ཀྱི་དྲུང་ཡིག་གི་འགན་ཁུར།
1996ལོའི་ཟླ7པ་ནས1998ལོའི་ཟླ8པའི་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཨུའི་གཞུང་ལས་ཁང་གི་ལྟ་ཞིབ་པའི་འགན་ཁུར། (རྫོང་རིམ་པ་གཞོན་པ)
1998ལོའི་ཟླ8པ་ནས2000ལོའི་ཟླ12པའི་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཨུའི་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་འགན་ཁུར།
2000ལོའི་ཟླ12པ་ནས2001ལོའི་ཟླ6པའི་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་འགན་གཅིག་ལྕོགས་སུ་ཁུར།
2001ལོའི་ཟླ6པ་ནས2005ལོའི་ཟླ9བའི་བར། མཚོ་སྔོན་ཞིང་ཆེན་མིན་ཡོན་རྫོང་ཨུའི་ཧྲུའུ་ཅིའི་འགན་ཁུར།(2003ལོའི་ཟླ4བར་རྫོང་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གྱི་འགན་གཅིག་ལྕོགས་སུ་ཁུར) (དེའི་རིང2004ལོའི་ཟླ3པ་ནས2004ལོའི་ཟླ7པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྫོང་ཨུའི་ཧྲུའུ་ཅི་ཟབ་སྦྱོང་འཛིན་གྲྭར་ཞུགས་ནས་སློབ་སྦྱོང་བྱས། 1999ལོའི་ཟླ9བ་ནས2002ལོའི་ཟླ7པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་འཕྲིན་བརྒྱུད་སློབ་གླིང་གི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་དཔལ་འབྱོར་དོ་དམ་ཆེད་ལས་ལ་སློབ་སྦྱོང་བྱས )
2005ལོའི་ཟླ9བ་ནས2009ལོའི་ཟླ4བའི་བར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་ཁུར།
2009ལོའི་ཟླ4བ་ནས2010ལོའི་ཟླ4བའི་བར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པའི་འགན་ཁུར།
2010ལོའི་ཟླ4བ་ནས2012ལོའི་ཟླ3པའི་བར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའི་འགན་ཁུར།
2012ལོའི་ཟླ3པ་ནས2013ལོའི་ཟླ2པའི་བར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་ཁུར།(2012ལོའི་ཟླ8པར་ཐིན་རིམ་པ་དངོས་ལ་འཕར)
2013ལོའི་ཟླ2པ་ནས2015ལོའི་ཟླ7པའི་བར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅིའི་འགན་ཁུར།
2015ལོའི་ཟླ7པ་ནས2020ལོའི་ཟླ7པའི་བར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅིའམ། ཚྭ་འདམ་གཞོང་དཔལ་འབྱོར་འཁོར་རྒྱུག་ཚོད་ལྟ་ཁུལ་གྱི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་ཁུར།
2020ལོའི་ཟླ7པ་ནས་ད་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ། མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི། ཚྭ་འདམ་གཞོང་དཔལ་འབྱོར་འཁོར་རྒྱུག་ཚོད་ལྟ་ཁུལ་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་ཁུར།
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི། ཚ་འདམ་གཞོང་དཔལ་འབྱོར་འཁོར་རྒྱུག་ཚོད་ལྟ་ཁུལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝུན་གོ་ཏུང་གིས་ཞིབ་བཤེར་དང་ལེན་བྱས་པ།