ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་ཧྲུའུ་དབྱིན་པེའོ་དང་བཞུགས་མོལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་པའི་ཚེས་གསུམ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་ཟི་ལིང་ནས་ཀྲུང་གོའི་ཧྭ་ནུན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ཧྲུའུ་དབྱིན་པེའོ་དང་བཞུགས་མོལ་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་གོའི་ཧྭ་ནུན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ཧྭ་ནུན་སྡེ་ཚོགས་ནི་ཀྲུང་གོའི་གློག་ཤུགས་ཀྱི་དར་ཆ་ལྟ་བུ་དང་། ནུས་ཁུངས་ཚུལ་བསྒྱུར་དང་དག་གཙང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྔོན་བསྐྱོད་དམག་ལྟ་བུ་ཡིན། མཚོ་སྔོན་གྱིས་རྒྱལ་ཁབ་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཁྲོད་གོ་གནས་ཧ་ཅང་གལ་ཆེན་ཟིན་ལ། རྒྱལ་ཁབ་ཀྱི་རིགས་གསར་ནུས་ཁུངས་ཐོན་ལས་རྟེན་གཞི་གལ་ཆེན་ཡིན། སྲིད་གཞུང་དང་ཁེ་ལས་ཀྱི་འཐབ་ཇུས་མཉམ་ལས་ཐད་ནས། འཐབ་ཇུས་སྟེང་ཡུན་རིང་ལ་དམིགས་པ་དང་། སེམས་ཞིབ་མོས་འཆར་འགོད་བྱེད་པ་དང་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཕྱོགས་གཉིས་ལ་ཕན་འདོགས་པར་བྱེད་པ། མཉམ་ལས་སྟེང་ནས་དངོས་གཉེར་འབུར་དུ་ཐོན་པར་བྱེད་པ་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་འདོན་སྦྲེལ་ཐག རིན་ཐང་སྦྲེལ་ཐག སྐྱེ་ཁམས་སྦྲེལ་ཐག་ལ་དམ་དུ་དམིགས་པ། ཐོན་སྐྱེད་དང་བགོ་བཤའ། བརྗེ་རེས། འཛད་སྤྱོད་ལ་དམ་འཛིན་བྱེད་པ། ཡུན་རིང་དང་དངོས་གཉེས་གཉིས་ཟུང་འབྲེལ་བྱས་ནས། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་དང་རྒྱལ་ནང་རྒྱལ་སྤྱིའི་འཁོར་རྒྱུག་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས། མཉམ་ལས་ཕྱོགས་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་ཁུངས་འཐབ་ཇུས་དགོངས་པ་ལག་བསྟར་ནན་མོ་བྱེད་པད་ང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་བྱད་པ། མཉམ་སྤྱོད་གཉིས་རྒྱལ་འཐབ་ཇུས་མཉམ་ལས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། ཉི་འོད་ནུས་པའི་ལས་གཞི་དང་ནུས་གསོག་ལས་གཞི། དག་གཙང་ནུས་ཁུངས། དག་གཙང་དྲོད་འདོན་སོགས་ཕྱོགས་ནས་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་དུ་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ལས་དོན་འཕེལ་རྒྱས་སུ་གཏོང་བའི་བྱས་རྗེས་འཇོག་དགོས་ཟེར།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། ཧྭ་ནུན་དང་མཚོ་སྔོན་གྱི་འཐབ་ཇུས་མཉམ་ལས་དེ་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པ་དང་། འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་ལ། ཧྭ་ནུན་གྱི་ཆེད་ལས་དགེ་མཚན་དང་མཚོ་སྔོན་གྱི་ཐོན་ཁུངས་དགེ་མཚན་འདོན་སྤེལ་བྱེད་པར་ཕན་པ་ཡོད་པ་དང་། དག་གཙང་ནུས་ཁུངས་ཀྱི་ཐོན་ཚོང་རྟེན་གཞི་བཙུགས་ནས། དག་གཙང་ནུས་ཁུངས་ཀྱི་མཉམ་འཛུགས་མཉམ་སྤྱོད་མངོན་འགྱུར་བྱེད་དགོས། མིག་སྔར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ། ང་ཚོས་ཐེངས་འདིར་བཀོད་པའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལག་བསྟར་ནན་མོ་བྱེད་པ་དང་། རྗེས་མཐུད་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས། ཧུར་ཐག་གིས་རྒྱལ་ཡོངས་ནུས་ཁུངས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་ཆེད་མཚོ་སྔོན་གྱི་ལེའུ་འབྲི་དགོས་ཟེར།

ཧྲུའུ་དབྱིན་པེའོ་ཡིས་ཧྭ་ནུན་སྡེ་ཚོགས་ཀྱི་ལས་སྒོ་འཕེལ་རྒྱས་སུ་གཏོང་བ་དང་འཐབ་ཇུས་འཆར་འགོད་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས། ཞིང་ཆེན་གྱི་འགོ་ཁྲིད་ལིས་ཅེ་ཞང་དང་ཡུས་ཚོང་ལི་གཉིས་བཞུགས་མོལ་ལ་ཞུགས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།