ཞིན་ཁྲང་ཞིང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་དཔྱད་འཇོག་དང་ཞིབ་བཤེར་རྩིས་ལེན་བྱེད་པའི་ཆེད་མཁས་ཚན་ཆུང་ལ་ཐུག་འཕྲད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཟི་ལིང་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་དཔྱད་འཇོག་དང་ཞིབ་བཤེར་རྩིས་ལེན་བྱེད་པའི་ཆེད་མཁས་པའི་ཚན་ཆུང་ལ་ཐུག་འཕྲད་བྱས།

ཞིན་ཁྲང་ཞིང་གིས་ཐོག་མར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཆེད་མཁས་པའི་ཚན་ཆུང་འབད་འཐབ་ལྷོད་མེད་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ཐུགས་ཁུར་ཆེན་པོའི་འོག་དང་། རྒྱལ་ཁབ་ནགས་རྩྭ་ཅུའུ་སོགས་རྒྱལ་ཁབ་འབྲེལ་ཡོད་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་གི་རྒྱབ་སྐྱོར་ཆེན་པོའི་འོག མཚོ་སྔོན་གྱིས་ཆེས་ཆེ་བ་གསུམ་གྱི་གནས་ཐིག་གཏན་ཁེལ་ཁོང་དུ་ཆུད་པར་བྱས་པ་དང་། སྤོབས་པ་ཆེན་པོས་བཅོས་བསྒྱུར་གསར་གཏོད་བྱས་ལ། འཚོལ་ཞིབ་ལག་ལེན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྟོབས་ཤུགས་ཡོད་རྒུས་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་བྱ་བ་སྣ་ཚོགས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་ལས་འགན་ཡོངས་འགྲུབ་བྱས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བར་དམ་འཛིན་བྱེད་པ་དང་། ང་ཚོས་ཆེད་མཁས་པས་བཏོན་པའི་གྲོས་གཞི་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། དཔྱད་འཇོག་དང་ཞིབ་བཤེར་རྩིས་ལེན་གྲུབ་འབྲས་བྱ་བའི་གྲུབ་འབྲས་སུ་བསྒྱུར་བ། དཔྱད་འཇོག་ལ་བརྟེན་ནས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་དཔྱད་འཇོག་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོངབ་། བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་བ། སྔ་མོ་ནས་སྤྱི་གླིང་འཛུགས་སྐྲུན་བྱེད་པ་མ་ཟད་དེ་གོ་སྐབས་ལ་བརྩིས་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར།

དཔྱད་འཇོག་དང་ཞིབ་བཤེར་རྩིས་ལེན་ཚན་ཆུང་གི་ཚན་གཙོ། ཆིན་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དབྱང་རུའེ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དཔྱད་འཇོག་དང་ཞིབ་བཤེར་རྩིས་ལེན་བྱ་བའི་ཐད་གཞོགས་འདེགས་དང་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་སྤེལ་བའི་ལོ་ལྔའི་ཚུན་དུ། མཚོ་སྔོན་གོང་འོག་ཡོངས་སུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཐུན་མོང་གི་འདུ་ཤེས་གྲུབ་པར་བྱས་པ་དང་། གོང་རིམ་འཆར་འགོད་དང་གཞི་རིམ་གསར་གཏོད་གཉིས་ཟུང་འབྲེལ་བྱས་ནས། རང་བྱུང་སྲུང་སྐྱོབ་དང་དབུལ་ཐར་དབུལ་སྐྱོར། སྤྱི་ཚོགས་གཏན་འཇགས་སོགས་ཀྱི་ཕན་འབྲས་མངོན་འགྱུར་བྱས་པ་དང་། འབྲོག་པ་མང་ཚོགས་ཚོས་སེམས་གཏིང་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་བརྩི་འཇོག་དང་རྒྱབ་སྐྱོར་བྱས། མཚོ་སྔོན་གྱིས་གྲུབ་འབྲས་ལྡན་པའི་དུས་སྔོན་མའི་བྱ་བའི་རྨང་གཞིའི་སྟེང་། མི་དང་དབང་ཆ། བཅའ་ཁྲིམས། སྒོར་མོ་སོགས་ཕྱོགས་བཞི་ཐད་ཀྱི་གནད་དོན་ཐག་གཅོད་བཟང་བོ་བྱེད་པ། རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་བཅོས་བསྒྱུར་གསར་གཏོད་ཐད་ཀྱི་སྔོན་བསྐྱོད་པ་འཛུགས་སྐྲུན་བྱས་ནས། སྐྱེ་ཁམས་དཔལ་ཡོན་དང་མཛེས་སྡུག་ཀྲུང་གོའི་འགྲེམ་སྟོན་སྒེའུ་ཁུང་གལ་ཆེན་དུ་འགྱུར་བར་བྱེད་དགོས་ཟེར། །


རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།