མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་རྒྱ་སྐྱེད་སློབ་སྦྱོང་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་པའི་ཚེས་བཞི་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་རྒྱ་སྐྱེད་སློབ་སྦྱོང་གྲོས་ཚོགས་ཟི་ལིང་ནས་ཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་སོགས་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མི་གྲོས་ཚོགས་ལ་ཞུགས། ཀྲུང་གོའི་ཚན་རིག་གླིང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་གླིང་རིག་གཞུང་འགོ་གཙོ་ཀྲའོ་ཞིན་ཆོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཁྲིན་རིའེ་ཧྥུན་གྱིས་སློབ་སྦྱོང་གྲོས་ཚོགས་ལ་འགོ་མཛིན་བྱས།

ཀྲའོ་ཞིན་ཆོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དུས་རབས་ཀྱི་རྒྱབ་ལྗོངས་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གོ་དོན་དང་རྩ་བའི་རིག་པ། རྒྱལ་ཁབ་སྤྱི་གླིང་རྒྱུན་མཐུད་དོ་དམ་གྱི་ངོས་འཛིན་དང་ལག་ལེན། བྱེད་ཐབས་གྲོས་གཞི་བཅས་ཕྱོགས་བཞི་ཐད་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཐད་ནས་གསལ་བཤད་ཞིབ་མོ་བྱས། ཚས་མས་སྙན་ཞུ་ཡི་ནང་དོན་ཕུན་སུམ་ཚོགས་ཤིང་ཆེད་ལས་རང་བཞིན་དང་ཁ་གཏད་རང་བཞིན། ལག་ལེན་རང་བཞིན་ཆེན་པོ་ལྡན་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་རྒྱུས་ལོན་ཡང་དག་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་གཏོང་བའི་ཐད་སྐུལ་མ་དང་རོགས་རམ་འདོན་སྤྲོད་བྱེད་ཐུབ་ཟེར།

ཚང་མས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། རང་བྱུང་ལ་བརྩི་བཀུར་བྱེད་པ་དང་རང་བྱུང་དང་འཚམ་པར་བྱེད་པ། རང་བྱུང་ལ་སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་བརྟན་པོ་འཛུགས་པ། སྤྱི་ཡོངས་འདུ་ཤེས་དང་ཡུན་རིང་འདུ་ཤེས། སྤྱི་ཁོག་གི་འདུ་ཤེས་བརྟན་པོ་འཛུགས་པ། ཆབ་སྲིད་སྟེང་ཀླད་པ་གསལ་བོ་བྱེད་་དང་། སྤྱོད་ཚུལ་ལེགས་བསྒྱུར་བྱེད་པ། ལག་བསྟར་ཐད་ནས་ཁག་ཁུར་བྱེད་ཕོད་པར་བྱེད་པ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པ། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་རུ་བསྐྱོད་པ། གནད་དོན་གྱི་ཁྲིད་ཕྱོགས་དང་མངོན་གསལ་གྱི་དམིགས་འབེན་ཁྲིད་ཕྱོགས་ལ་བརྟེན་ནས་བྱེད་ཐབས་བཟང་བོས་དུས་རབས་གསར་བའི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སྔར་ལས་བཟང་བོར་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་སྤྱི་གླིང་དང་པོ་དེ་རྒྱལ་སྤྱིའི་སྟེང་ཤན་ཤུགས་ལྡན་པའི་འཛམ་གླིང་གི་རང་བྱུང་སྲུང་སྐྱོབ་ས་ཆའི་དཔེ་མཚོན་དུ་འཛུགས་སྐྲུན་བྱས་ཏེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས་ཟེར།

ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མི་མིན་པའི་ཞིང་ཆེན་གྱི་འགོ་ཁྲིད་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས། མི་དམངས་ཚོགས་ཁག་དང་མང་ཚོགས་ཚོགས་པ། མཐོ་རིམ་སློབ་གླིང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས་དང་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་གྲོས་ཚོགས་ལ་ཞུགས། །


རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།