“རབ་མཛེས་མཚོ་སྔོན། ཡུལ་སྐོར་དག་ཞིང”ནས་མཚོ་སྔོན་པ་མཚོ་སྔོན་དུ་ཡུལ་སྐོར་བྱས་པ།

ཟླ3པའི་ཉིན་ཞིག་ལ། གཞིས་དམངས་དབྱང་ཙི་ཡུན་གྱིས་གློ་བུར་དུ་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་གཏོང་བཞིན་པའི་མཚོ་སྔོན་གྱི་དྲིལ་སྒྲོག་བརྙན་ཕབ་ཅིག་མཐོང་། “རབ་མཛེས་མཚོ་སྔོན། ཡུལ་སྐོར་དག་ཞིང”མཚམས་སྦྱོར་བྱེད་པའི་སྐབས་སུ་ཁོ་མོ་སྤྲོ་བ་ཚད་མེད་སྐྱེས། “བརྙན་འཕྲིན་ཁ་འབྱེད་པའི་སྐབས་སུ། དྲིལ་སྒྲོག་བརྙན་ཕབ་གཏོང་བཞིན་པའི་སྒང་རེད། ཐོག་མར་མཐོང་དུས་ནོར་སོང་བསམས་རུང་རྒྱུས་མངའ་ཆེ་བའི་གཟུགས་བརྙན་མཐོང་དུས་སེམས་སུ་སྤྲོ་སྣང་རབ་ཏུ་སྐྱེས་པ་ཞིག་རེད་ལ། སེམས་འགུལ་ཐེབས་པ་ཞིག་ཀྱང་རེད། མཚོ་སྔོན་གྱིས་བཞག་པའི་བག་ཆགས་ཇེ་ཟབ་ནས་ཇེ་ཟབ་ཏུ་འགྲོ་ངེས། ”

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ2པར། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་མཚོ་སྔོན་དང་བོད་ལྗོངས་གཉིས་བདམས་ནས་སྤྱི་ཕན་དྲིལ་སྒྲོག་བྱས་ཤིང་མཚམས་སྦྱོར་བྱས། ཀྲུང་དབྱང་བརྙན་འཕྲིན་ཁང་གི་འཕྲིན་ལམ13པོ་དང་ཀྲུང་དབྱང་རྒྱང་སྒྲོག་ཁང་གི་སྒྲ་རླབས3པོའི་ཆེས་བཟང་པོའི་དུས་མཚམས་སུ་སྤྱི་ཕན་བརྡ་ཁྱབ་གཅིག་བསྡུས་ཀྱིས་བཏང་བ་སྟེ། “རབ་མཛེས་མཚོ་སྔོན། ཡུལ་སྐོར་དག་ཞིང”གི་ཚོང་རྟགས་གྲགས་ཅན་མཚམས་སྦྱོར་བྱེད་མགོ་བརྩམས་པ་ནས་རྒྱལ་ཡོངས་སུ་ཚུར་སྣང་དྲག་པོ་བྱུང་བ་དང་དྲིལ་སྒྲོག་གི་གྲུབ་འབྲས་མི་དམན་པ་བླངས་ཡོད།

དེ་དང་མཉམ་དུ། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་རིགས་སླར་གསོ་བྱེད་པར་དམིགས་པའི“མཚོ་སྔོན་པ་མཚོ་སྔོན་དུ་ཡུལ་སྐོར་བྱེད་པ”ཡི་བྱ་འགུལ་དུས་མཉམ་དུ་མགོ་བརྩམས། ཟླ3པར། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས“མཚོ་སྔོན་པ་མཚོ་སྔོན་དུ་ཡུལ་སྐོར་བྱེད་པ”ཡི་བྱ་འགུལ་སྤེལ་མགོ་བརྩམས། རིག་གནས་དང་ཡུལ་སྐོར་ཐིང་གིས་བྱ་བའི་ཚན་ཆུང8རྩ་འཛུགས་བྱས་ཏེ་གྲོང་ཁྱེར་དང་ཁུལ8ལ་མངགས། དེ་དག་གིས་ལས་གཞི་དང་མ་དངུལ། རོགས་སྐྱོར། རྒྱབ་སྐྱོར་བཅས་བཟུང་སྟེ། གཞི་རིམ་ཡུལ་སྐོར་ཁེ་ལས་དང་མཉམ་དུ་གྲོས་མོལ་བྱས་པ་དང་དཀའ་ཁག་མཉམ་དུ་སེལ་རོགས་བྱས་པས། རིག་གནས་དང་ཡུལ་སྐོར་ལས་རིགས་དཀའ་ཁག་ལས་ཐར་ཐུབ་པའི་ཡིད་ཆེས་ཇེ་བརྟན་དུ་གྱུར་པ་དང་། གཞི་རིམ་གྱི་རིག་གནས་དང་ཡུལ་སྐོར་བསྐྱར་དར་འབྱུང་བར་རྨང་གཞི་འདིང་ཐུབ་པ་བྱུང་ཡོད།

ཟླ4པའི་ཚེས25ཉིན། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཡུན་ཀུའུ་ཁྲོན་འཆར་སྣང་གྲོང་རྡལ་དུ་མི་ཚོགས་ལང་ལོང་བྱེད་ཀྱིན་འདུག “རབ་མཛེས་མཚོ་སྔོན། ཡུལ་སྐོར་དག་ཞིང”དུ་མཚོ་སྔོན་པ་མཚོ་སྔོན་དུ་ཡུལ་སྐོར་བྱེད་པའི་བྱ་འགུལ་ཡུལ་དེ་རུ་དངོས་སུ་མགོ་བརྩམས་པ་དང་། ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་རྩེ་གྲས་ལམ་ཐིག70ཡོད་པ་དེ་ཡུལ་སྐོར་པ་ཚང་མར་འོས་སྦྱོར་བྱས། དེའི་ནང་སྒེར་བསྐོར་ཡུལ་སྐོར་དང་དམངས་སྲོལ་ཡུལ་སྐོར། གསར་བརྗེའི་ཡུལ་སྐོར། སྐྱེ་ཁམས་ཡུལ་སྐོར། པར་ལེན་ཡུལ་སྐོར་སོགས་རེ་རེར་ཁྱད་ཆོས་རེ་ལྡན་ཞིང་ནང་དོན་ཕུན་སུམ་ཚོགས། བྲེལ་མྱུར་གྱིས་མཚམས་བཞག་པ་ནས་སེམས་ཆུང་གིས་མགོ་བརྩམས་ཏེ། མཚོ་སྔོན་པ་མཚོ་སྔོན་དུ་ཡུལ་སྐོར་བྱས་པས་ཞིང་ཆེན་ཡོངས་ཀྱིAརིམ་པའི་ཡུལ་སྐོར་ལྗོངས་ཁུལ67པོར་དུས་དང་ཚད་བཀག་དང་སྒྲིག་ལམ་ཡོད་པའི་སྒོ་ནས་སྒོ་འབྱེད་བྱས་ཏེ་རིག་གནས་དང་ཡུལ་སྐོར་ལས་རིགས་སླར་གསོ་འབྱུང་བར་གཅིག་གྱུར་གྱིས་སྐུལ་འདེད་བྱས།

ཚེ་རིང་ཐར་གྱིས་བཤད་རྒྱུར། མཚོ་སྔོན་གྱི་མི་མང་པོ་ཞིག་མཚོ་སྔོན་གྱི་ས་ཆ་མང་ཆེ་བར་སོང་མེད་པས་མཚོ་སྔོན་ལ་རྒྱུས་མངའ་མེད། དེ་ནི་ཞན་ཆ་ཡིན་ལ་དུས་མཉམ་དུ་སྦས་ཤུགས་ལྡན་པའི་ལས་གཞི་ཞིག་ཀྱང་རེད། གྲོང་ཁྱེར་དང་ཁུལ8པོར་རང་ཉིད་ཀྱི་ལམ་ཐིག་ཡོད་ལ། རང་ཉིད་ཀྱི་ཐོན་ཁུངས་ཀྱང་ཡོད་པས། མཚོ་སྔོན་པར་རང་ཉིད་ཀྱི་ཕ་ཡུལ་ལ་བལྟ་རུ་འཇུག་པ་དང་མཚོ་སྔོན་གྱི་རི་ཆུར་བལྟ་རུ་འཇུག་པ། མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ལ་བལྟ་རུ་བཅུག་སྟེ། རིག་གནས་དང་ཡུལ་སྐོར་གྱི་ཚོང་ར་སྔར་བས་ཧུར་པོར་གཏོང་དགོས་ཟེར། བྱ་འགུལ་འདི་མགོ་བརྩམས་རྗེས། མ་གཞི100%ཡི་གྱོང་གུད་ཐེབས་སྲིད་པ་དེ་དལ་མོར་ཇེ་ཡང་དང་ཇེ་དམར་གཏོང་མགོ་བརྩམས། དུས་མཉམ་དུ། རིག་གནས་དང་ཡུལ་སྐོར་ཁེ་ལས་ཀྱི་ཧུར་བརྩོན་རང་བཞིན་ཆེས་ཆེར་བསླངས་ནས། ཡུལ་སྐོར་ཁང་དང་ཡུལ་སྐོར་ལྗོངས་ཁུལ་མང་པོ་ཞིག་གིས“མཚོ་སྔོན་པ་མཚོ་སྔོན་དུ་ཡུལ་སྐོར་བྱེད་པར”གཟིགས་སྐྱོང་སྲིད་ཇུས་དང་སྤུས་ལེགས་དོན་ཚན། རྩེ་གྲས་ལམ་ཐིག་ཁ་ཤས་བཏོན།

ཟླ6པའི་ཚེས6ཉིན། ལའོ་ཏུའུ་ནས་གཏེར་ལེན་ཁ་བར་དུ“མཚོ་སྔོན་པ་མཚོ་སྔོན་དུ་ཡུལ་སྐོར་བྱེད་པ”ཡི་ཆེད་གཏོང་མེ་འཁོར་ཐོག་མ་བཏང་། ཟླ6པའི་ཚེས12ཉིན། ཟི་ལིང་ནས་ན་གོར་མོ་བར་དུ་ཆེད་གཏོང་མེ་འཁོར་གཉིས་པ་བཏང་། ཚེ་རིང་ཐར་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་དང་ཀན་སུའུ་ཡི་ཡུལ་སྐོར་བསྐོར་ལམ་གྱི་རྨང་གཞིའི་བྱ་བ་ཚང་མ་བསྒྲུབས་ནས་གྲུབ་ཡོད་པ་དང་། ཞིང་ཆེན་བརྒལ་བའི་ཡུལ་སྐོར་གྱི་སྒོ་ཕྱེས་རྗེས་མཚོ་སྔོན་དང་ཀན་སུའུ་ཡི་ཡུལ་སྐོར་བསྐོར་ལམ་ཆེད་གཏོང་མེ་འཁོར་བཏང་སྟེ། དུས་མཉམ་དུ་སྒེར་བསྐོར་ཡུལ་སྐོར་གྱི་བསྐོར་ལམ་ཀྱང་སྒོ་འབྱེད་རྒྱུ་རེད། དེ་དང་མཉམ་དུ། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་ད་དུང་བོད་ལྗོངས་རིག་གནས་ཡུལ་སྐོར་སྡེ་ཁག་དང་མཉམ་ལས་དམ་ཟབ་བྱས་ཏེ། མཚོ་བོད་མཐོ་སྒང་གི་ཡུལ་སྐོར་ལམ་ཐིག་དང་ཡུལ་སྐོར་ཚོང་རྟགས་ཧུར་བརྩོན་གྱིས་བསྐྲུན་ནས། མཚོ་བོད་ལམ་ཐིག་གི་སྤུས་ཚད་མཐོན་པོའི་ཡུལ་སྐོར་ཆེད་གཏོང་མེ་འཁོར་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།