ལིས་ཅེ་ཞང་གིས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་ངོ་གསུམ་གྱི་འགུལ་བསྐྱོད་སྐུལ་འདེད་གནས་ཚུལ་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་ཆི་ལེན་རི་བོའི་ལྷོ་རྒྱུད་ས་མཚམས་ཀྱི་མཚོ་སྔོན་ཕྱོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལོ་ངོ་གསུམ་གྱི་འགུལ་བསྐྱོད་སྐུལ་འདེད་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་འགན་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ལིས་ཅེ་ཞང་སྔ་གཞུག་ཏུ་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཞིན་ཀྲོང་གྲོང་རྡལ་ཧོང་ཞིན་རྡོ་ཟེགས་བཟོ་གྲྭ་དང་ཧྲའོ་པའེ་ཤང་ཏའོ་རིན་ཀུག་རྡོ་ཟེགས་བཟོ་གྲྭ ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཅིན་ཡོན་ཨར་འདམ་བཟོ་གྲྭ  ལི་ཏུའུ་ཁུལ་ཡུས་རོན་ཤང་ནུའུ་མུའུ་ཁྲུས་ཀུག་རྡོ་ཟེགས་བཟོ་གྲྭ་སོགས་སུ་སོང་ནས། ཡུལ་དངོས་ནས་སྐྱེ་ཁམས་ཁོར་ཡུག་སླར་གསོའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཟི་ལིང་གྲོང་ཁྱེར་དང་།མཚོ་ཤར་གྲོང་ཁྱེར་གྱིས་ཆི་ལེན་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་མཚམས་ཀྱི་གཏེར་ཁུངས་ཐོན་རྫས་གསར་སྤེལ་ལ་རྟོག་ཞིབ་དང་། བཅོས་སྐྱོང་བྱེད་ཐབས་གཏན་འབེབ་གནས་ཚུལ་ཡར་ཞུར་ཉན།  

ལིས་ཅེ་ཞང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དོན་འཁྱོལ་བྱེད་པ་དང་། ཆི་ལེན་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་མཚམས་ཀྱི་རི་ཆུའི་སྟེང་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་སྔོན་ལ་བྱེད་པ་དང་། བཙོག་མེད་འཕེལ་རྒྱས་ཀྱི་བླང་བྱ་ལག་ལེན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བྱས་ཏེ། ལོ་ངོ་གསུམ་གྱི་འགུལ་བསྐྱོད་བྱ་ཐབས་གཟབ་ནན་དང་། དུས་ཚོད་ལྟར་ལག་བསྟར་དང་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོབ་པར་བྱེད་དགོས། ཟླ་གཉིས་རིང་བཅོས་སྐྱོང་ལས་འགན་གྱི་བརྒྱ་ཆའི་50བྱ་བའི་གཙོ་གནད་དུ་བྱས་ཏེ་སྟོབས་ཤུགས་གཅིག་བསྡུས་བྱས་ནས་འབྲས་བུ་ལེགས་པོ་ཞིག་ལེན་པར་ཁག་ཐེག་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།