ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་མཐོ་རིམ་འཇོན་མིའི་གསོ་སྦྱོང་འཛིན་གྲྭའི་སློབ་མ་དང་བཞུགས་མོལ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་ཟི་ལིང་དུ་མཐོ་རིམ་འཇོན་མིའི་གསོ་སྦྱོང་འཛིན་གྲྭའི་སློབ་མ་ཚོ་དང་བཞུགས་མོལ་གནང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་འགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་བཞུགས་མོལ་ཁྲོད་ཞུགས། ཀྲུང་དབྱང་རྩ་འཛུགས་པུའུ་འཇོན་མི་བྱ་བའི་ཅུའུ་ཡི་ཅུའུ་ཀྲང་གཞོན་པའམ་ཀྲུང་དབྱང་འཇོན་མིའི་བྱ་བའི་མཐུན་འགྲིག་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཉིག་ཝེ་ཧོང་གིས་ཤིས་ཚིག་ཕུལ།

ཝང་ཅན་ཅུན་གྱིས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ཏེ་སློབ་མ་ཡོངས་མཚོ་སྔོན་དུ་ཡོང་ནས་གསོ་སྦྱོང་བྱས་པར་དགའ་བསུ་གནང་། ཁོང་གིས་བཤད་རྒྱུར། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་མཐོ་རིམ་འཇོན་མི་མཚོ་སྔོན་དུ་ཡོང་ནས་གསོ་སྦྱོང་བྱེད་པར་བཀོད་སྒྲིག་བྱས་པ་དེས། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་མཚོ་སྔོན་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱས་པ་མཚོན་པ་མ་ཟད་མཚོ་སྔོན་གྱི་ཏང་ཡོན་ལས་བྱེད་པའི་སློབ་གསོ་དང་སྒོས་སུ་ཕུགས་འདུན་སློབ་གསོའི་བྱ་བའི་ཐད་ཀྱི་སྐུལ་ལྕག་ཡང་ཡིན་ལ། ང་ཚོས་མཐོ་རིམ་འཇོན་མིར་སློབ་སྦྱོང་བྱེད་པའི་གོ་སྐབས་ཤིག་ཀྱང་ཡིན། མཚོ་སྔོན་ནི་ས་བབ་མཐོ་བའི་ས་ཁུལ་ཡིན་ཞིང་། སློབ་མ་ནི་མཐོ་རིམ་འཇོན་མི་ཡིན་པས། ཚང་མ་མཚོ་སྔོན་གྱི་བསམ་བློའི་གཤིན་ས་འདིར་ཡོང་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལ་མྱོང་རོལ་དང་། ཕུགས་འདུན་ཇེ་བརྟན། ཏང་གཤིས་སྦྱོང་བརྡར་བྱས་པར་གོ་རྟོགས་དང་རེ་སྙེག ཡུལ་ཁམས་བཅས་ཇེ་མཐོར་འགྲོ་ངེས་ཡིན།  རྒྱལ་ཁབ་ཀྱི་གནས་ཚུལ་ནི་ཚན་རིག་ཞིབ་འཇུག་གི་རྩ་དོན་དང་། ལས་དོན་གྱི་རྨང་གཞི། གསར་སྐྲུན་གྱི་ལམ་བུ་ཡིན་ལ། རྒྱལ་ཁབ་ཀྱི་གནས་ཚུལ་གསོ་སྦྱོང་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྒྲིག་སྲོལ་ཕུལ་བྱུང་ཅན་ཡིན་པ་དང་། སྦྱོང་བ་ནི་ཀྲུང་ཧྭ་མི་རིགས་ཚེ་རབས་སུ་ཉམས་པ་མེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་ཕུགས་འདུན་ཡིན་ལ། ཕུལ་དུ་བྱུང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྒྲིག་སྲོལ་འགན་སྲུང་འོག རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་བ་ལྡན་པའི་ཚན་རྩལ་ལས་སྒྲུབ་པར་བླ་མེད་ཀྱི་གཟི་བརྗིད་ལྡན་པ་ཞིག་བྱེད་དགོས། ཚང་མ་ས་ཁུལ་དང་སྡེ་ཁག་སོ་སོ་ནས་ཡོང་བ་ཡིན་ཞིང་། རིག་ཚན་ཞིབ་འཇུག་མི་འདྲ་བ་ནས་ཡོང་བ་ཡིན་པས་ཚང་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩེར་སོན་པ་དག་ཡིན། སྟོན་དུས་ཀྱི་ལོ་ལེགས་སྐབས་སུ་ཞིབ་འཇུག་རྣལ་མོ་བྱེད་པར་དོན་སྙིང་ལྡན། རེ་བར་སློབ་མ་ཡོངས་ཀྱིས་འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་སྙིང་སྟོབས་ཀྱིས། གསོ་སྦྱོང་སྟེང་མྱོང་ཚོར་མང་པོ་དང་། བརྗེ་རེས་ཟབ་མོ་གནང་ནས་མཚོ་སྔོན་གྱི་འཕེལ་རྒྱས་ལ་དོ་ཁུར་བྱས་ཏེ་ཡང་བསྐྱར་གྲུབ་འབྲས་གསར་སྐྲུན་བྱེད་དགོས་ཞེས་བསྟན། 

ཞིན་ཁྲང་ཞིང་གིས་མཚོ་སྔོན་གྱི་གནས་ཚུལ་མཚམས་སྦྱོར་བྱས་པ་མ་ཟད་དགའ་བསུའི་གཏམ་བཤད། ཁོས་བཤད་རྒྱུར། མཚོ་སྔོན་གྱི་རི་ཆུ་མཛེས་ཤིང་སྐྱེ་ཁམས་ལེགས། མཐའ་མཚམས་དང་བོད་ཁུལ་དུ་འབྲེལ་ཞིང་། རིག་གནས་སྣ་མང་ཞིང་མི་རིགས་མཐུན་སྒྲིལ་ལྡན། ཉེ་བའི་ལོ་འགའི་རིང་། ཞིང་ཆེན་གོང་འོག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་ཀྱི་སྐྱེ་ཁམས་སྔོན་དུ་བྱེད་པ་དང་བཙོག་མེད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ། དམིགས་བསལ་གཅིག་དང་མཐོ་བ་གཉིས་ལ་སྐུལ་འདེད་དང་། དཔེ་སྟོན་ཞིང་ཆེན་ལྔ་འཛུགས་སྐྲུན་བྱེད་པ་དང་དཔལ་འབྱོར་གྱི་རྣམ་པ་རིགས་བཞི་གསོ་སྐྱོང་བྱས་ནས། མུ་མཐུད་དུ་མཚོ་སྔོན་གྱི་འཕེལ་རྒྱས་གསར་བ་གསར་སྐྲུན་བྱས། མཚོ་སྔོན་ནི་སྐུ་ཞབས་ཝང་ལའོ་པིན་གྱི་གླུ་ཚིག་ཁྲོད་ཀྱི་རྒྱང་རིང་གི་ཡུལ་གྲུ་དེ་ཡིན་ནའང་། ད་ལྟ་རྒྱང་རིང་མིན་ཞིང་། ལྷག་པར་དུ་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭས་ང་ཚོའི་བར་ཐག་ཇེ་ཉེ་བཏང་། རེ་བར་སློབ་མ་ཡོངས་ཀྱིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་ཏེ་མཚོ་སྔོན་གྱི་མ་འོངས་པ་གསར་སྐྲུན་བྱེད་དགོས་པའི་འདོད་ཚུལ་བསྟན།  

ཉིག་ཧོང་ཝེ་ཡིས་བཤད་རྒྱུར། ཐེངས་འདིའི་མཐོ་རིམ་འཇོན་མིའི་གསོ་སྦྱོང་འཛིན་གྲྭ་སྒྲུབ་པའི་དམིགས་ཡུལ་ནི་རྒྱ་ཆེའི་ཆེད་མཁས་པས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཏང་གི་གནས་ཚུལ་ལ་ངེས་ཤེས་ཡོད་པར་སྣེ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་ངེས་ཤེས་ཡོད་པ་དང་། རང་འགུལ་གྱིས་འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་སྙིང་སྟོབས་དར་སྤེལ་དང་། ལོ་ངོ་བརྒྱ་ཅན་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བློ་གྲོས་དང་སྟོབས་ཤུགས་ཕུལ་རྒྱུ་དེ་ཡིན་ཟེར། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།