མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱས་ནས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ8པའི་ཚེས31ཉིན་ནས་ཟླ9བའི་ཚེས2ཉིན་བར།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།  ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་སྤྱི་ཁྱབ་བཟོ་བཀོད་པ་དང་ཞིབ་འཇུག་པ་ཝུའུ་ཞང་ཕེ།  ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་མཱ་ཀྲེང་ཅུན་དང་།  ཀྲུང་གོའི་ནོར་སྲིད་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ།  ཞིང་ཆེན་ནོར་སྲིད་ཐིན་གྱི་ཏང་ཙུའུ་ཡི་ཁོངས་མི་ལེའང་ཆང་།  མཚོ་སྔོན་རླུང་འཕྲིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལིས་ཆིའུ་མའེ་བཅས་ཀྱིས་ཞིང་ཆེན་སློབ་གསོ་ཐིན་དང་།  ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུའུ།  ཞིང་ཆེན་བསྡོམས་རྩིས་ཅུའུ།  མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་ཤར་གྲོང་ཁྱེར་ཕིང་ཨན་ཆུས་དང་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཁྲོན་ཁོའུ་གྲོང་རྡལ་བཅས་སུ་ཆེད་དོན་སྙན་ཞུ་གནང་བ་རེད།

 སྒྲོག་འགྲེལ་ཚོགས་པའི་ཁོངས་མིས《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་བམ་པོ་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལ་དམ་པོར་དམིགས་ནས།  སྒྲོག་འགྲེལ་གྱི་ཡང་དག་པའི་ཁྲིད་ཕྱོགས་བློ་ལ་དམ་འཛིན་བྱས་ཏེ།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་སྙིང་པོ་ཕྱོགས་ཡོངས་དང་།  ཡང་དག  གཏིང་ཟབ་བཅས་ཀྱི་སྒོ་ནས་གོ་བ་གཏིང་ཟབ་ལེན་དགོས་ཤིང་།  ལུང་དྲངས་ཏེ་ཏང་ཡོན་ལས་བྱེད་པར་གསོན་ཉམས་ལྡན་པའི་གཞུང་ལུགས་ཀྱི་ཟུར་ཁྲིད་སློབ་ཁྲིད་བྱས་པ་རེད།

ཚང་མས་སྙན་ཞུའི་གཙོ་གནད་མངོན་གསལ་དོད་པ་དང་འགྲེལ་བཤད་ཁ་གསལ་བརྒྱབ་ཡོད་པ་དང་།  དམིགས་སའི་རང་བཞིན་ཤུགས་ཆེན་ལྡན་པས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་ནུས་ལྡན་བྱས་ཡོད།  ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡི་ཏང་ཨུའི་ལས་བྱེད་པ་ཝང་ཅིན་ཧྥིང་གིས་ཏང་དོན་ལས་དོན་པ་ཞིག་ཡིན་པའི་ངོས་ནས།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞན་སྒྱུར་གྱི་ལས་དོན་དངོས་ནང་ཞུགས་ནས།  འགན་ནུས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་།   ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་།  ཕྱོགས་ཡོངས་ནས་ས་གནས་བཅོས་སྐྱོང་ཁྲོད་ཞུགས་ཏེ་བློ་སེམས་གཅིག་མཐུན་གྱིས་བཅོས་སྐྱོང་འགྲིལ་ཤུགས་ཆགས་པར་བྱ་དགོས་ཤིང་།  “ལྗོན་ཤིང་ཆེན་པོའི་འདུ་ཤེས་དང་རྩྭ་ཆུང་གི་སྙིང་སྟོབས”ཧུར་ཐག་གིས་དར་སྤེལ་གཏོང་བ་དང་།  རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་འཐབ་གནས་གཙོ་བོ་དང་།  གཙོ་ཤུགས་དམག་གི་ནུས་པ་སྔར་ལས་འདོན་སྤེལ་བྱས་ནས།  མཛེས་སྡུག་ལྡན་པའི་ཀྲུང་གོའི་རབ་མཛེས་མཚོ་སྔོན་གྱི་མིང་བྱང་ཧུར་ཐག་གིས་བསྐྲུན་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།