མཚོ་སྔོན་ཞིང་ཆེན་གྱིས་སྒོ་བསྟེན་སྨན་བཅོས་ཀྱི་ཆེས་དལ་བའི་ནད་གཞི་དང་དམིགས་བསལ་གྱི་ནད་གཞིའི་སྨན་སྤྱོད་ཁྱབ་ཁོངས་སྔར་ལས་གཅིག་གྱུར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་སྨན་བཅོས་འགན་བཅོལ་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་གཞི་དང་དལ་བའི་རང་བཞིན་གྱི་ནད་གཞིའི་སྨན་སྤྱོད་དོ་དམ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་།   འགན་བཅོལ་ནང་ཞུགས་པའི་ནད་པའི་གཞི་རྩའི་སྨན་བཅོས་ཀྱི་དགོས་མཁོ་སྔར་ལས་འགན་སྲུང་བྱེད་དགོས།   ཉེ་ཆར་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས《མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་བཅོལ་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་གྱི་ནད་གཞི་དང་དལ་བའི་རང་བཞིན་གྱི་ནད་གཞིའི་སྨན་སྤྱོད་དཀར་ཆག》ལེགས་སྒྲིག་བྱས་ནས་གཏན་འབེབས་བྱས་པ་དང་།  (གཤམ་དུ《དཀར་ཆགས》ཞེས་བསྡུ་རྒྱུ་ཡིན། 《དཀར་ཆགས》དེ་ཟླ9བའི་ཚེས1ཉིན་ནས་བཟུང་ཞིང་ཆེན་ཡོངས་སུ་གཅིག་གྱུར་གྱིས་ལག་བསྟར་བྱ་རྒྱུ་རེད།  

རྒྱུས་ལོན་པ་ལྟར་ན།   《དཀར་ཆགས》དེ་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་བཟོ་བ་དང་།   གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་གྱི་ནད་གཞི་དང་དལ་བའི་རང་བཞིན་གྱི་ནད་གཞི་སྟེ་གཅིན་པ་མངར་འགྱུར་གྱི་ནད་སོགས་ནད་སྣ33གྱི་སྨན་སྤྱོད་ཁྱབ་ཁོངས་ནང་ལག་བསྟར་བྱ་རྒྱུ་ཡིན་པ་དང་།   བསྡོམས་པས་སྨན་སྣ5000ལྷག་ཙམ་ཡོད་པ་རེད།

དེ་དང་མཉམ་དུ《དཀར་ཆགས》དེ་ས་གནས་སོ་སོ་རུ་ལག་བསྟར་དོན་འཁྱོལ་བྱ་ཆེད།   ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་སྨན་ཁང་སོ་སོས་སྲིད་ཇུས་ལག་བསྟར་བྱ་རྒྱུའི་བླང་བྱ་བཏོན་པ་དང་།  སྒོ་བསྟེན་སྨན་བཅོས་ཀྱིས་དམིགས་བསལ་གྱི་ནད་གཞི་དང་དལ་བའི་རང་བཞིན་གྱི་ནད་གཞིའི་ནད་པ་དག་ལ་ཆེད་སྤྱོད་སྨན་རྫས་བཀོལ་སྤྱོད་བྱེད་དུ་འཇུག་དགོས་ཤིང་།  ཁྱབ་ཁོངས་ལས་བརྒལ་བའི་སྨན་བཅོས་ཀྱི་འགན་བཅོལ་མ་དངུལ་འགན་ལེན་མི་བྱེད།   སྒོ་བསྟེན་སྨན་ཁང་གི་སྨན་ཐོ་ལམ་ལུགས་དོན་འཁྱོལ་བྱ་རྒྱུ་ནན་བཤད་བྱས་ཏེ།  འགན་བཅོལ་ནང་ཞུགས་པའི་མང་ཚོགས་ལམ་ཐག་རིང་བོ་བརྒྱུད་དེ་སྨན་ཁང་དུ་ཡང་ནས་བསྐྱར་དུ་སྨན་ལེན་དུ་ཡོང་བའི་གནད་དོན་ཉུང་དུ་བཏང་བས།  འགན་བཅོལ་ནང་ཞུགས་པའི་མང་ཚོགས་ལ་སྲིད་ཇུས་ཀྱི་ཁེ་ཕན་ལོངས་སྤྱོད་བྱེད་ཐུབ་པའི་འགན་ལེན་བྱས་ཡོད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།