མཚོ་སྔོན་གྱིས་ལོ་གསུམ་རིང་མུ་རི་གཏེར་ཁུལ་དང་དེ་བཞིན་མདོ་ལ་རིང་མོའི་ལྷོ་ཕྱོགས་མཚོ་སྔོན་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།    ཡུལ་དངོས་རྟོག་ཞིབ་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱིས“དོང་གཅིག་དང་ཐབས་ཇུས་གཅིག ས་སྙིགས་ཁ་གསབ། རི་ལྡེབས་བརྟན་པོ། ཆུ་ལག་སྦྲེལ་མཐུད། འདམ་ར་འཛུགས་སྐྲུན། ཐོན་ཁུངས་སྲུང་སྐྱོང་”བཅས་ཀྱི་སྣོད་བཅུད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་སྤྱིའི་བསམ་ཕྱོགས་བཏོན་ནས། མུ་རི་གཏེར་ཁུལ་དུ་ཁྲིམས་འགལ་ངང་སྔོག་འདོན་བྱས་པའི་གནད་དོན་ལ་དམིགས་ནས་བཅོས་སྒྲིག་ལས་དོན་སྤེལ་འགོ་བརྩམས།

མིག་སྔར་སྐྱེལ་འདྲེན་རླངས་འཁོར340དང་། ས་རྐོ་འཕྲུལ་འཁོར93། ལྡུག་འཇུག་འཕྲུལ་འཁོར26། ས་འདེད་འཕྲུལ་འཁོར14སོགས་ཀྱི་སྒྲིག་ཆས་ཆེ་གྲས་ཀྱིས་ལས་ཡུལ་དངོས་སུ་ལས་ཀ་བྱེད་བཞིན་ཡོད། ཟླ8པ་ནས་བཟུང་ཟླ་གཉིས་ནང་བཅོས་སྒྲིག་གི་རྨང་གཞིའི་ལས་འགན་གྱི50%ལེགས་འགྲུབ་བྱས་ཏེ“ལོ་གཉིས་རིང་སྔོ་ལྗང་རྣམ་པ་འཛུགས་སྐྲུན་དང་། ལོ་གསུམ་ནང་ཕན་འབྲས་ཐོན་ནས་སྤྱི་གླིང་དུ་འགྱུར་བའི”ཕྱོགས་བསྡུས་བཅོས་སྒྲིག་བྱ་བའི་དམིགས་ཚད་ལེགས་གྲུབ་ཡོང་བར་འགན་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།