དྲག་ཆས་ཉེན་རྟོགས་རུ་ཁག་ཏུ་དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ8པའི་ཚེས26ཉིན། མཚོ་སྔོནཞིང་ཆེན་ཁྲིམས་འཛིན་ཐིན་དང་མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གཉིས་དྲག་ཆས་ཉེན་རྟོགས་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་སྦྱོང་བརྡར་རྟེན་གཞི་རུ་སོང་སྟེ། “དམངས་དོན་ཁྲིམས་གཞུང་དམག་སྒར་དུ་བསྐྱལ་བ”ཞེས་པའི་དྲིལ་སྒྲོག་བྱ་འགུལ་སྤེལ་བ་རེད།  

དྲིལ་སྒྲོག་བྱ་འགུལ་ཁྲོད་ཞིང་ཆེན་ཁྲིམས་འཛིན་ཐིན་དང་མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གཉིས་ཀྱིས་སྦྱོང་བརྡར་རྟེན་གཞི་ཡི་དམག་མི་ཡོངས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིི་དམངས་དོན་ཁྲིམས་གཞུང》སྤྲད་པ་དང་། མཚོ་སྔོན་ཁྲེང་ཅ་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཆེད་བསྐོས་ཁྲིམས་དཔོན་ཀྲང་ཕེང་གིས་དཔོན་དམག་ཡོངས་ལ《དམངས་དོན་ཁྲིམས་གཞུང་སློབ་སྦྱོང་བྱས་ཏེ་བདེ་སྐྱིད་ལྡན་པའི་མི་ཚེ་ལ་སྲུང་སྐྱོང་བྱེད་དགོས》ཞེས་པ་འགྲེལ་བཤད་བྱས་པ་རེད།   འཆད་ཁྲིད་ཁྲོད་དུ《དམངས་དོན་ཁྲིམས་གཞུང》ངོ་སྤྲོད་བྱས་པ་ནས་འགོ་བརྩམས་ཏེ།  ཕྱོགས་ཡོངས་ནས《དམངས་དོན་ཁྲིམས་གཞུང》གི་ཁྲིམས་འཛུགས་བརྒྱུད་རིམ་ལ་ཕྱིན་དྲན་དང་།  《དམངས་དོན་ཁྲིམས་གཞུང》གི་དོན་སྙིང་ལ་འགྲེལ་བཤད་བྱས་ཤིང་།   གོ་བདེ་བའི་སྐད་ཆ་དང་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་འགལ་ཟླ་དང་རྩོད་གཞིར་བརྟེན་ནས《དམངས་དོན་ཁྲིམས་གཞུང》གི་ནང་དོན་ལ་འགྲེལ་བཤད་བྱས་པ་རེད།  གཙོ་བོ་གན་རྒྱའི་འགན་ལེན་བྱེད་སྟངས་དང་གཉེན་སྒྲིག་ཐོ་འགོད་རེ་ཞུ་དང་ཤུལ་བཞག་རྒྱུད་འཛིན་སོགས་ཚང་མས་ཐུགས་འཁུར་བྱེད་བཞིན་པའི་གནད་དོན་ལ་ཞིབ་ཕྲའི་ངང་འགྲེལ་བཤད་བརྒྱབ་པ་མ་ཟད།   དཔོན་དམག་དག་གིས་བཏོན་པའི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གནད་དོན་ལ་ལན་བཏབ་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།