མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་གི་ལོ་ཆུང་བྱིས་པའི་དཔེ་ཁང་དེ་རིང་ནས་བཟུང་སྒོ་འབྱེད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ9པའི་ཚེས་1ཉིན་ནས་བཟུང་དཔེ་མཛོད་ཁང་གི་ལོ་ཆུང་བྱིས་པའི་དཔེ་ཁང་སྒོ་ཕྱེས་པ་དང་། སྒོ་ཕྱེས་རྗེས་སུ་ལོ་ཆུང་བྱིས་པའི་དཔེ་ཁང་གིས་ཉིན་རེར་ལོ་ཆུང་བྱིས་པའི་ཀློག་པ་པོ་དང་ཁྱིམ་བདག120སྣེ་ལེན་བྱེད་རྒྱུ་རེད།

མིག་སྔར་ཞིང་ཆེན་དཔེ་མཛོད་ཁང་གི་ལོ་ཆུང་བྱིས་པའི་དཔེ་ཁང་གིས་ཕ་བུའི་དཔེ་ཀློག་ཁུལ་དང་ཕྱོགས་བསྡུས་དཔེ་ཀློག་ཁུལ་ཁོ་ན་སྒོ་ཕྱེས་པ་ལས་གནས་སྐབས་སུ་བྱིས་པའི་བྱ་འགུལ་སྤེལ་མི་ཆོག་ལ། སྒོ་འབྱེད་པའི་དུས་ཚོད་ནི་གཟའ་འཁོར་རེའི་གཟའ་མིག་དམར་ནས་གཟའ་ཉི་མའི་ཆུ་ཚོད་9པ་ནས17བར་ཡིན་པ་དང་། གཟའ་ཟླ་བར་སྒོ་རྒྱག་རྒྱུ་རེད།

དཔེ་ཁང་དུ་ཐོན་པའི་ལོ་ཆུང་བྱིས་པའི་ཀློག་པ་པོ་དང་ཁྱིམ་བདག་ཚང་མས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་རམ་ཡང་ན་རིག་ནུས་ཁ་པར་འཁྱེར་ནས་དཔེ་ཁང་གི་བྱང་སྒོའི་འཛུལ་སྒོའི་འགྲམ་དུ་བདེ་ཐང་ཆ་འཕྲིན་ཐོ་འགོད་བྱེད་དགོས་ལ། ལོ་6མན་གྱི་ཀློག་པ་པོ་ཚོ་དཔེ་ཁང་དུ་སྐྱོད་སྐབས་ཁྱིམ་བདག་གིས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་རམ་ཡང་ན་རིག་ནུས་ཁ་པར་འཁྱེར་ནས་བདེ་ཐང་ཆ་འཕྲིན་ཐོ་འགོད་བྱེད་པ་དང་འབྲེལ། བྱིས་པའི་ཟ་ཁང་ནང་གི་བདེ་འཇགས་དང་བདེ་ཐང་ལ་ལྟ་སྐུལ་དོ་དམ་བྱེད་པར་འགན་འཁུར་དགོས། ལོ6ནས16བར་ཐོབ་ཐང་ལག་ཁྱེར་རབས་གཉིས་པ་མེད་པ་སྒྲུབ་མེད་པའི་ཀློག་པ་པོ་རྣམས་ཁྱིམ་བདག་གིས་ཕེབས་རོགས་བྱེད་དགོས་པ་དང་། ཁྱིམ་བདག་གིས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་རམ་ཡང་ན་རིག་ནུས་ཁ་པར་ལམ་ནས་བདེ་ཐང་ཆ་འཕྲིན་ཐོ་འགོད་བྱེད་དགོས།

ཞིང་ཆེན་དཔེ་མཛོད་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཟླ་2པའི་ཟླ་མཇུག་བར་ཞིང་ཆེན་དཔེ་མཛོད་ཁང་གི་བྱིས་པའི་དཔེ་ཁང་མ་གཏོགས་དཔེ་ཁུལ་གཞན་དག་གི་སྒོ་འབྱེད་སླར་གསོ་བྱས། སྒོ་ཕྱེས་པ་ནས་བཟུང་དཔེ་མཛོད་ཁང་དུ་ཉིན་རེར་མི་གྲངས་ཚོད་འཛིན་བྱེད་པ་དང་། ཀློག་པ་པོ་རྣམས་ལ་གཅིག་གྱུར་གྱིས་ཨང་གྲངས་བསྐུར་ནས་ནང་དུ་འཛུལ་དགོས་ཤིང་། དཔེ་མཛོད་ཁང་དུ་ཉིན་ལྟར་མི་གྲངས་380མན་ཚོད་འཛིན་བྱས་ཡོད། སྔ་དྲོ་མི་280དཔེ་ཁང་དུ་འགྲོ་བ་དང་། ཕྱི་དྲོ་མི100དཔེ་ཁང་དུ་འགྲོ་ཆོག སྒྲོག་ཙེ་གཅིག་ལ་མི་གཉིས་ལས་སྡོད་མི་ཆོག་པ་བཅས་གཏན་འབེབས་བྱས་ཡོད།

གྲོང་མིའི་དཔེ་དེབ་ལྟ་ཀློག་གི་དགོས་མཁོ་སྐོང་ཆེད། ཞིང་ཆེན་དཔེ་མཛོད་ཁང་གི་གློག་རྡུལ་དཔེ་དེབ་སྣ་ཁ་ཁྲི10ལྷག་ཙམ་རིན་མེད་ངང་དྲ་ཐོག་ནས་ལྟ་ཀློག་བྱེད་ཆོག་པ་དང་། དེའི་ནང་གློག་རྡུལ་དཔེ་དེབ་དང་། ཉན་དེབ། བརྙན་ལམ་སོགས་སྤུས་ལེགས་གྲངས་གཞིའི་ཐོན་ཁུངས་དྲ་ཐོག་ནས་ཀློག་པ་པོ་རྣམས་ལ་སྒོ་ཕྱེས་པ་མ་ཟད། ཞིང་ཆེན་དཔེ་མཛོད་ཁང་གིས“ཐད་གཏོང་+ཟུར་ཁྲིད”ཀྱི་དབྱིན་ཡིག་སློབ་ཁྲིད་བྱེད་སྟངས་ཀྱང་བཀོད་སྒྲིག་བྱས་ཡོད། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།