མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཆུང་བ་བཅུ་ཆའི་བདུན་གྱིས་ཁེ་ལས་ཐོབ་ཁྲལ་ཞུ་སྤྲོད་འགོར་འགྱངས་བྱས་ཡོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ཟླ5བའི་ཚེས1ཉིན་ནས་2020ལོའི་ཟླ12བའི་ཚེས31ཉིན་བར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡིས་ཁེ་ལས་ཆུང་བའི་ཁེ་ལས་ཀྱིས2020ལོར་ལྷག་ཡོད་པའི་རེ་ཞུ་དུས་ཡུན་ནང་ལས་སྒྲུབ་བྱེད་པའི་འགྲོ་གྲོན་རེ་ཞུ་བྱས་རྗེས། དུས་སྐབས་དེའི་ཁེ་ལས་ཀྱི་ཐོབ་ཁྲལ་འགོར་འགྱངས་བྱས་ཆོག་ཅིང་། འགོར་འགྱངས་དུས་ཡུན་2021ལོའི་རེ་ཞུ་བྱས་པའི་དུས་ཡུན་ཐོག་མའི་ནང་དུས་མཉམ་དུ་སྤྲད་ཆོག  ཟླ7པའི་ཟླ་དཀྱིལ་བར། ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཆུང་བ2606གིས2021ལོའི་རེ་ཞུ་བྱས་པའི་དུས་ཡུན་ནང་སྤྲད་ཆོག་པ་དང་། དེས་ཁེ་ལས་ཆུང་བ་ཡོངས་ཀྱི་བཅུ་ཆའི་བདུན་ཟིན་པ་དང་། ཁེ་ལས་ཀྱི་ཐོབ་ཁྲལ་སྒོར་ཁྲི2555.07འགོར་འགྱངས་བྱས་ཏེ་སྤྲོད་རྒྱུ་ཡིན་པ་དང་། དེས་ཕན་ནུས་ལྡན་པའི་སྒོ་ནས་མ་དངུལ་གྱི་གནོན་ཤུགས་ཆུང་དུ་བཏང་སྟེ་ཚོང་རའི་གཙོ་རྒྱུགས་ནུས་པར་སྔར་བས་སྐུལ་སྤེལ་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།