མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཅུ་གཅིག་པའི་རྒྱུན་ཨུའི་རྒྱ་བསྐྱེད་གྲོས་ཚོགས་ཐེངས་ལྔ་བ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཅུ་གཅིག་པའི་རྒྱུན་ཨུ་རྒྱ་བསྐྱེད་གྲོས་ཚོགས་ཐེངས་ལྔ་བ་འཚོག་པ་དང་། ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོང་ཡུང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

གྲོས་ཚོགས་ལས། ཏན་ཏིག་གིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཟབ་ནན་བཞི་དང་ཆེས་ཆེ་བ་གསུམ་གྱི་བླང་བྱ་གལ་ཆེན་དང་དམ་དུ་འབྲེལ་ཏེ། དམངས་གཉེར་དཔལ་འབྱོར་མི་སྣའི་བསམ་བློའི་སློབ་གསོའི་སྣེ་ཁྲིད་དང་དམངས་གཉེར་ཁེ་ལས་ལ་ཞབས་ཞུ་སྒྲུབ་པའི་འཕེལ་རྒྱས་ཁྲོད་བཙོག་མེད་སྣེ་ཁྲིད་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་དམ་འཛིན་བྱེད་པ། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། འཕེལ་རྒྱས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ། སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཤུགས་སྣོན་དང་སྐྱེ་ཁམས་ཀྱི་འགན་འཁྲི་དང་ལེན་བྱས་ཏེ་བཙོག་མེད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གཙོ་གནད་བྱ་བའི་ལས་འགན་ལ་དོ་སྣང་དང་། འབུར་ཐོན་གནད་དོན་ལ་གདོང་གཏད་དེ། བྱ་བའི་གཙོ་གནད་དེ་བརྟན་བརླིང་དྲུག་དང་འགན་སྲུང་དྲུག་གི་ཐབས་ཇུས་བཀོད་སྒྲིག་སྟེང་དོན་འཁྱོལ་བྱས་ནས། ཐོན་ལས་ལེགས་བཅོས་རིམ་འཕར་ཇེ་མགྱོགས་སུ་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དེ་བས། མུ་མཐུད་དུ་བསམ་བློ་ཆབ་སྲིད་སློབ་གསོ་དང་སྲིད་ཇུས་བཀོད་སྒྲིག་དོན་འཁྱོལ་སྟེང་ཤུགས་བསྣན་ནས། དམངས་གཉེར་ཁེ་ལས་རྒྱུན་མཐུད་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ་དང་། སྲིད་ཞུགས་སྲིད་གླེང་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། བཟོ་ཚོང་མཉམ་འབྲེལ་བཅོས་བསྒྱུར་ཟབ་སྤེལ་བྱེད་པར་རོགས་འདེགས་བྱེད་དགོས་ཞེས་བསྟན།  

གྲོས་ཚོགས་སྟེང་། དམངས་གཉེར་ཁེ་ལས་པའི་འཐུས་ཚབ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་དང་དམ་དུ་འབྲེལ་ཏེ་བརྗེ་རེས་གཏམ་བཤད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།