ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཐོན་ཁུངས་མཉམ་སྤྱོད་དང་ཕན་ཚུན་ཁ་གསབ། མཉམ་ལས་གཉིས་རྒྱལ་གྱི་རྩ་དོན་ལྟར། ཉེ་ཆར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་གཞུང་སྒྲུབ་ཁང་དང་ནུབ་བྱང་ཞིང་ལས་ནགས་ལས་ཚན་རྩལ་སློབ་ཆེན་དངོས་མང་བཤམས་སྟོན་གླིང་ཀས་འཐབ་ཇུས་མཉམ་ལས་ཀྱི་གྲོས་གཞིའི་སྟེང་མིང་རྟགས་བཀོད། མ་འོངས་པར་ཕྱོགས་གཉིས་ཀྱིས་འགྲེམ་ཁང་འཛུགས་སྐྲུན་དང་རང་བྱུང་ཁྲིད་གཞི་འཆར་འགོད། ཐོན་རྫས་ཞིབ་འཇུག་གསར་སྤེལ། སྐྱེ་དངོས་སྲོག་ཆགས་མ་དཔེ་མཉམ་སྤྱོད་སོགས་ཀྱི་ཐད་ཡུན་རིང་གི་མཉམ་ལས་འབྲེལ་བ་བཙུགས་ཏེ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་དངོས་སྲོག་ཆགས་ཀྱི་ཐོན་ཁུངས་ཕུན་ཚོགས་སུ་གཏོང་བར་ཚན་རིག་གི་སྟེགས་བུ་ཞིག་མཁོ་འདོན་བྱས་ཏེ། མདོ་ལ་རི་བོའི་ཁྱད་ཆོས་ལྡན་པའི་རང་བྱུང་སློབ་གསོའི་མ་ལག་གསར་སྐྲུན་བྱས་ནས། སྐྱེ་ཁམས་རིག་གནས་ཀྱི་གཤིན་ས་ཞིག་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་རྒྱུ་རེད། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་དང་ནུབ་བྱང་ཞིང་ལས་ནགས་ལས་ཚན་རྩལ་སློབ་ཆེན་དངོས་མང་བཤམས་སྟོན་གླིང་ཀས་མཉམ་ལས་བྱས།