སྐབས་དྲུག་པའི་ཁུ་ནུའི་འཆད་ཁྲིད་ཚོགས་འགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་དང་། མཚོ་སྔོན་མི་རིགས་སློབ་ཆེན།མཚ་སྔོན་ལས་བྱེད་པའི་དྲ་རྒྱའི་སློབ་གླིང་། མཚོ་སྔོན་ཞིང་ཆེན་ཆེད་མཁས་འཇོན་མིའི་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་རྒྱལ་གཉེར་ཐོན་ཁུངས་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་སིས་འགན་སྒྲུབ་བྱས་པའི་སྐབས་དྲུག་པའི་ཁུ་ནུའི་འཆད་ཁྲིད་དང་མཚོ་སྔོན་ཞིང་ཆེན་ཆེད་མཁས་འཇོན་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆེད་དོན་འཆད་ཁྲིད་མགོ་བརྩམས་པ་དང་། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝུའུ་ཧྥིན་ཁྲང་གིས་ཁ་བྱང་ལ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་ལེན་བྱས་ནས་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཞེས་པའི་ཆེད་དོན་འཆད་ཁྲིད་གནང་། 

སྙན་ཞུས་མཚོ་སྔོན་ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་དང་དམ་དུ་འབྲེལ་ནས་ཚང་མར་སློབ་ཁྲིད་བྱས་པར་ཕན་ཁེ་ཆེན་པོ་ཐོབ། བློ་མཐུན་ཚང་མས་བསྟན་དོན། འཆད་ཁྲིད་ལ་ཉན་རྗེས། ང་ཚོས་གཟབ་ནན་བཞིའི་བླང་བྱ་གལ་ཆེན་ལ་སྔར་བས་རྒྱུས་ལོན་ཟབ་མོ་བྱས་ཤིང་། ང་ཚོས་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་རང་འགུལ་སྒོས་ནུས་ཁུངས་གྲོན་ཆུང་དང་བཙོག་ཕུད་ཉུང་གཏོང་གི་བླང་བྱ་བྱ་བ་སོ་སོ་ཁྲོད་ལག་བསྟར་བྱས་ཏེ། ཐོན་སྐྱེད་དང་འཚོ་བ། འཛད་སྤྱོད་བཅས་ཀྱི་བཙོག་མེད་རྣམ་པ་གསོ་སྐྱོང་བྱས་ནས། རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སྲུང་སྐྱོབ་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བཟང་བོ་བྱས་ཏེ། མཛེས་སྡུག་གི་ཀྲུང་གོ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་འགན་འཁྲི་ཕྲག་ཏུ་ལེན་དགོས་པའི་འདོད་ཚུལ་བསྟན།  

མཚོ་སྔོན་ཞིང་ཆེན་རྒྱལ་ཁོངས་ས་ཁོངས་ཐོན་ཁུངས་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་སའི་ཅུའུ་སོགས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་། ཞིང་ཆེན་ཆེད་མཁས་འཇོན་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི། ཞིང་ཆེན་རྒྱལ་གཉེར་ཐོན་ཁུངས་དངུལ་གཏོང་ཚད་ཡོད་ཀུང་སིའི་ལས་བཟོ་བ་མི200ལྷག་གིས་འཆད་ཁྲིད་ལ་ཉན།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།