མཚོ་སྔོན་ཞིང་ཆེན་ལས་གཞི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆནལམ་ལུགས་སྒྱུར་བཅོས་འགོ་ཁྲིད་ཚན་ཆུང་གི(རྒྱ་བསྐྱེད)ཚོགས་འདུ་ཐེངས་གསུམ་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་ལས་གཞི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་ལམ་ལུགས་སྒྱུར་བཅོས་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་གསུམ་པ་བསྡུས་ཤིང་། ཚོགས་འདུའི་སྟེང་ཞིང་ཆེན་ཡོངས་ཀྱི་ལས་གཞི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་ལམ་ལུགས་སྒྱུར་བཅོས་བྱ་བའི་འཕེལ་རིམ་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། དུས་མཚམས་རྗེས་མའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་ལས་གཞི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་ལམ་ལུགས་སྒྱུར་བཅོས་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཁོང་ཡུང་གིས་ཚོགས་འདུ་ལ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། 

ཚོགས་འདུའི་སྟེང་ལས་གཞི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་ལམ་ལུགས་སྒྱུར་བཅོས་ནི་སྲིད་གཞུང་གི་འགན་ནུས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ལས་དོན་གལ་ཆེན་ཞིག་ཡིན་པས། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཁག་ཁག་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་ཇེ་མཐོ་དང་། ལས་གཞི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་ལམ་ལུགས་སྒྱུར་བཅོས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་འདོམས་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། ནུས་པ་ལྡན་པའི་བྱ་ཐབས་སྤྱད་དེ་ཁེ་ལས་མང་ཚོགས་ལ་དོན་དངོས་ཀྱི་ཐོབ་ཚོར་ཡོོང་བ་བྱེད་དགོས་པར་བསྟན་པ་མ་ཟད། ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་བྱ་བའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། བྱ་བའི་དུས་བཀག་གི་བླང་བྱ་ནན་མོར་གཞིགས་ནས་ས་ཁོངས་དཔྱད་དཔོག་དང་རྣམ་གྲངས་མཐུན་སྦྱོར་ཇུས་འགོད་བྱེད་པར་སྐུལ་འདེད་གང་མགྱོགས་གཏོང་བ། ལས་གཞི་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་དོ་དམ་མ་ལག་བེད་སྤྱོད་ཇེ་མགྱོགས་སུ་གཏོང་བ། ཚན་རིག་དང་མཐུན་ཞིང་སྟབས་བདེ་བ། ལས་ཆོད་ཆེ་བ་བཅས་ཀྱི་སྒོ་ནས་ལས་གཞི་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་མ་ལག་དང་དོ་དམ་མ་ལག་འཛུགས་པར་ཤུགས་རྒྱག་དགོས། ཚོགས་འདུའི་སྟེང་རྩ་འཛུགས་ཀྱི་འགན་ལེན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱིས་སྲིད་དོན་ཡོངས་བསྒྲགས་དང་དྲིལ་བསྒྲགས་གསོ་སྦྱོང་གཏིང་ཟབ་ཏུ་གཏོང་བ། བྱ་བར་མཉམ་གཅིག་ཏུ་ཤུགས་འདོན་པའི་རྣམ་པ་ཆགས་པར་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་སྔར་བས་ཇེ་ལེགས་སུ་གཏོང་བ་དང་། “གློད་སྡོམ་ཞབས་ཞུ་གསུམ་”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་ཧུར་ཐག་གིས་ལེགས་སྐྱེས་འབུལ་དགོས་ཞེས་བསྟན་པ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།