ཝང་ཡུས་ཡན་གྱིས་དཔའ་ལུང་རྫོང་དུ་བརྟག་ཞིབ་མཛད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ8པའི་ཚེས28ཉིན།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧའེ་རིགས་རང་སྐྱོང་ཁུལ་ཚེ་མགུར་གྲོང་རྡལ་དང་ནང་སྟོད་གྲོང་རྡལ་དུ་ཞང་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་བྱས་པའི་གནས་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།  

ཝང་ཡུས་ཡན་གྱིས་དཔའ་ལུང་རྫོང་གི་ཞང་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་གྱི་སྙན་ཞུ་གནས་ཚུལ་ལ་ཉན་པ་དང་།  གཞི་རིམ་གྱི་ལས་བྱེད་པའི་ཞང་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་གྱི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་པ་རེད།  ཁོ་མོའི་ཞང་དང་གྲོང་རྡལ་རིམ་པ་ནི་གཞི་རིམ་གྱི་སྲིད་དབང་རྩ་འཛུགས་ཡིན་པ་དང་།  གྲོང་གསེབ་ཀྱི་ལས་ཀའི་འཐབ་ཕྱོགས་དང་པོ་རུ་གནས་ཡོད་པ་དང་།   ཕྱོགས་གཅིག་གི་དཔལ་འབྱོར་འཕེལ་རྒྱས་དང་ཕྱོགས་གཅིག་གི་བྱ་བའི་དོ་དམ།  ཕྱོགས་གཅིག་གི་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པའི་འོས་འགན་ལྕི་མོ་ཕྲག་ཏུ་འཁུར་དགོས་ཤིང་།   ཞང་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཆུང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ།   དབུལ་ཐར་འགག་སྒྲོལ་ཐག་གཅོད་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་།  ཏང་གིས་གྲོང་གསེབ་ཏུ་སྲིད་སྐྱོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།  2021ལོའི་སྐབས་བརྗེ་བའི་བྱ་བའི་འཆར་འགོད་སྔ་མོ་ནས་བསྒྲུབས་ཏེ་ཞང་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས་པར་བསྟན། ཁོ་མོས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་།  ཞང་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་འཁོར་སྐྱོད་བྱས་པའི་གནས་ཚུལ་དང་ལས་བྱེད་པའི་དཔུང་ཁག་གི་བསམ་བློའི་འགྱུར་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་།  གནད་དོན་ཁྲིད་ཕྱོགས་མཐའ་འཁྱོངས་བྱེད་པ།  འབུར་ཐོན་གྱི་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱ་དགོས་ཤིང་།  ཚན་ཁག་གི་གྲུབ་ཚུལ་ལེགས་སྒྲིག་བྱས་ནས་ཞང་དང་གྲོང་རྡལ་གྱི་ཚན་ཁག་སྤྱི་ཡོངས་ཀྱི་ནུས་པ་ཆེ་རུ་གཏོང་བར་དམིགས་ནས།  ལོ་ན་དང་ཆེད་ལས།  འབྱུང་ཁུངས་བཅས་ཀྱི་གྲུབ་ཚུལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་།  ཞང་དང་གྲོང་རྡལ་གྱི་ཏང་སྲིད་ཀྱི་གཙོ་འགན་འཁུར་མཁན་ལེགས་འདེམས་ཧྲག་སྒྲུག་བྱ་དགོས། ན་གཞོན་ལས་བྱེད་པ་ཕུལ་བྱུང་གསར་རྙེད་དང་གསོ་སྐྱོང་གདམ་གསེས་ཤུགས་ཆེན་བྱས་ནས།  གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དེ་ལས་བྱེད་པ་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བའི་ལས་སྟེགས་ཆེས་བཟང་བོ་རུ་འགྱུར་བར་བྱ་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།