མཚོ་སྔོན་ཞིང་ཆེན་བབ་བསྟུན་དོ་དམ་ཐིན་གྱིས་བབ་བསྟུན་དོ་དམ་ནུས་པ་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ཉེན་ཁར་ཁ་གཏད་གཅོག་པ་དང་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་རྗེས། ཞིང་ཆེན་བབ་བསྟུན་དོ་དམ་ཐིན་གྱིས་འཕྲལ་དུ་ཏང་ཨུའི་རྒྱ་ཆེའི་ཚོགས་འདུ་འཚོགས་ཏེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་རེད། ཉེ་སྔོན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་འོག ཞིང་ཆེན་བབ་བསྟུན་དོ་དམ་ཐིན་གྱིས་ཞིང་ཆེན་ཏང་ཨུའི་འཆད་ཁྲིད་དགེ་རྒན་གདན་འདྲེན་ཞུས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ཆེད་དོན་སློབ་ཁྲིད་བྱས་ཤིང་། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དེ་སླད་ཕྱིན་གྱི་ལས་ཀའི་ལས་འགན་གལ་ཆེན་དུ་བརྩིས་ནས་རྒྱུན་མཐུད་ངང་སྤེལ་བ་དང་། གོ་བ་གཏིང་ཟབ་ལེན་པ། བབ་བསྟུན་གྱི་འགན་ནུས་ལ་གཞི་ཚུགས་པ། མཚོ་སྔོན་ཞིང་ཆེན་གྱི་ས་གནས་བཅོས་སྐྱོང་གི་མདུན་དུ་ལྷགས་པའི་གནས་བབ་དང་ལས་འགན་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། ཉེན་ཁར་ཁ་གཏད་འཇལ་བ་དང་བཅོས་སྐྱོང་བྱེད་པའི་ཆུ་ཚད་ཇེ་མགྱོགས་སུ་གཏོང་དགོས་ཞེས་བླང་བྱ་བཏོན།

ཐིན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ། མིག་སྔའི་བབ་བསྟུན་དོ་དམ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། རིམ་པ་དང་། ཆེད་དོན། དམིགས་ས་ཡོད་པ་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་ཞིབ་གྲོས་བྱེད་པར་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཞིབ་འཇུག་དང་འཆད་འགྲེལ་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཆེ་རུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་བྱ་སྤྱོད་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་བཏང་སྟེ་བབ་བསྟུན་དོ་དམ་གྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རིགས་པའི་གཞུང་ལུགས་ཀྱི་འགན་ལེན་བྱེད་དགོས། དཀའ་ཉེན་རྟག་དྲན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་དུས་དཔགས་བབ་བསྟུན་ལ་མཁས་པར་བྱས་ཏེ། ཉེན་ཁ་དང་འགྲན་སློང་ཁྱོན་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་བརྡར་ཤ་གཅོད་པ་དང་། མིག་སྔའི་འཕེལ་རྒྱས་གཏོང་རིམ་ཁྲོད་ཀྱི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་དཀའ་ཉེན་རྟག་དྲན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་དགོས། བདེ་སྡོད་ཉེན་བསམ་དང་། འཕེལ་ཕྱོགས་ཆེན་པོར་ལྟ་བ། ཁྱོན་ཡོངས་ལ་བསམ་གཞིགས་བྱེད་པ། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་གྱི་སྤྱིའི་བླང་བྱ་གཞིར་བཟུང་ནས་བདེ་འཇགས་ཐོན་སྐྱེད་ཆེད་དོན་བཅོས་སྒྲིག་ལོ་གསུམ་གྱི་བྱ་སྤྱོད་དང་དེ་བཞིན་རང་བྱུང་གནོད་འཚེའི་ཉེན་ཁ་ཡོངས་ཁྱབ་ཞིབ་བཤེར་ལས་དོན་དམ་འཛིན་བྱེད་པ། འཕྲལ་སྡོམ་དོ་དམ་ལས་དོན་གྱི་ལམ་སྲོལ་ཁག་ཧུར་ཐག་གིས་འཐུས་ཚང་དུ་བཏང་ནས་འབྲེལ་མཐུད་དམ་ཟབ་དང་འཁོར་སྐྱོད་བདེ་བླག་གིས་ཉེན་ཁ་ལ་ཁ་གཏད་འཇལ་བ་དང་བཅོས་སྐྱོང་གི་མཉམ་ཤུགས་ཤིག་ཆགས་པར་བྱེད་པ། ཤེས་སྤྱོད་ཟུང་འབྲེལ་རྒྱུན་འཁྱོངས་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ་བཅས་ཀྱི་ཐད་ནས་ཞིང་ཆེན་བབ་བསྟུན་དོ་དམ་ཐིན་གྱིས་བླང་བྱ་ནན་མོ་བཏོན་པ་རེད། ། 

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།