གློག་བརྙན༼ཚྭ་མཚོའི་འཆར་གཞི༽གཏེར་ལེན་ཁ་ནས་བརྙན་ཕབ་བྱས།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས26ཉིན། ཐེན་ཅིན་སྲིན་འབུ་མེ་འཁྱེར་རིག་གནས་སྨྱན་བྱད་ཚད་ཡོད་ཀུང་སི་དང་ཧི་ནན་དབྱི་ལེན་གློག་བརྙན་འཕྲིན་རིག་གནས་སྨྱན་བྱད་ཚད་ཡོད་ཀུང་སི་གཉིས་ཀྱིས་མཉམ་འབྲེལ་སྒོས་གསར་སྐྲུན་བྱས་པའི་གློག་བརྙན་ཚྭ་མཚོའི་འཆར་གཞི་ཞེས་པ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ནས་བརྙན་ཕབ་བྱས།

ཝུའུ་ཀྲིན་ཡུས་དང་ཀྲའོ་ཙི་ཞིན། ཚའོ་ཞི་ཞི། ཧྲིན་ཀོན་སིན། ཞུས་ཅོན་ཚུང་སོགས་འཁྲབ་སྟོན་པའི་གཙོ་འཁྲབ་བྱས་པའི་གཞུང་ལམ་སྐྱོ་གར་གློག་བརྙན་ཚྭ་མཚོའི་འཆར་གཞི་ཞེས་པས་དགའ་རོགས་ཀྱི་ཆེད་དུ་ཤ་འཁོན་ལེན་པའི་ལའོ་ཞང་གིས་ནུབ་བྱང་ས་ཁུལ་མིང་རྫུས་ནས་དུག་འཚོང་རྒྱག་མཁན་ཞིག་ཏུ་གམ་དུ་ཡོད་ཅིང་། ཚྭ་མཚོའི་འགྲམ་དུ་དུག་རྫས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ཁ་ལོ་བ་ལིག་ཅི་དང་འཕྲད་དེ། མཐར་ཁོ་གཉིས་མཉམ་དུ་སོང་ནས་སྲོག་བསྡོས་བྱས་པའི་གཏམ་རྒྱུད་ཞིབ་བརྗོད་བྱས་ཡོད།

གློག་བརྙན་ཁ་བྱང་ཁྲོད་ཀྱི་ཚྭ་མཚོ་ནི་ཚྭ་ཁའི་ཚྭ་མཚོ་ཡིན་ཞིང་། མི་མང་པོའི་སེམས་ཁོང་གི་དག་ཞིང་དུ་འབོད་བཞིན་ཡོད། ཚྭ་མཚོའི་འཆར་གཞིས་ཚྭ་ཁའི་ཚྭ་མཚོ་དང་གངས་རི། བྱེ་ཐང་སོགས་བརྒྱུད་དེ། མཐར་ལྷིང་འཇགས་ཀྱི་ཚྭ་མཚོ་ནས་འཁྱགས་དར་དང་། མི་མེད་ལུང་སྟོང་གི་མྱ་ངན་ཐང་ནས་འདུ་འཛི་ཆེ་བའི་གྲོང་ཁྱེར་འགྲིམས་ཤིང་། ཀྲུང་གོའི་དབུས་ནུབ་རྒྱུད་ཀྱི་ཁྱད་མཚར་བའི་ས་གཤིས་དང་། ས་ཁོངས་མི་འདྲ་བའི་དམངས་སྲོལ་གྱིས་ལྟར་མོ་བར་ལྟ་བའི་མི་ངོམས་པའི་དགྱེས་སྟོན་ཞིག་བཤམས་ཡོད།

འཁྲབ་ཁྲིད་པ་ལུའུ་ལའེ་ཡིས་མཚམས་སྦྱོར་བ་ལྟར་ན། ཚྭ་མཚོའི་འཆར་གཞི་དེ་ལོ་4ལ་གྲ་སྒྲིག་བྱས་ཤིང་། རྣམ་པ་འདྲ་མིན་གྱི་ལག་རྩལ་སྤྱད་དེ་མཚོ་སྔོན་གྱི་ཐུན་མིན་མཛེས་པ་བརྙན་ཕབ་བྱས་ཏེ། ཀྲུང་གོའི་ལྟད་མོ་བ་དང་འཛམ་གླིང་གི་ལྟད་མོ་བར་རབ་མཛེས་མཚོ་སྔོན་རྒྱུས་ལོན་བྱེད་དུ་འཇུག་རྒྱུ་ཡིན་ཟེར།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།