2020ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་བསྒྱུར་ཡུལ་དངོས་ཚོགས་འདུ་ཡུས་ཧྲུའུ་གྲོང་ཁྱེར་དུ་ཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས28ཉིན། 2020ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་བསྒྱུར་ཡུལ་དངོས་ཚོགས་འདུ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། 

ཚོགས་འདུས་སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་བྱེད་པ་དང་། ཧུར་ཐག་གིས་རི་ལྗང་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བྱས་ནས། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གནས་ཚུལ་ཁོང་དུ་ཆུད་པར་བྱེད་པ་དང་། གཟབ་ནན་བཞིའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ཏེ། རྒྱལ་ཁོངས་ལྗང་བསྒྱུར་གྱི་དུས་རབས་འགན་འཁྲི་ཕྲག་ཏུ་ལེན་དགོས། ཁྱོན་ཡོངས་ནས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་སྐུལ་འདེད་བྱེད་པ་དང་། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་དང་སའི་གོ་ལའི་གནས་གསུམ་པའི་སྲུང་སྐྱོབ་བྱ་བ་ཏན་ཏིག་གིས་སྤེལ་ནས། གནད་དོན་གྱི་ཁ་ཕྱོགས་ཀྱིས་སྔོ་ལྗང་གི་རྒྱ་ཁྱོན་ཇ་ཆེར་གཏོང་བ་དང་འཕེལ་རྒྱས་ཀྱི་འགལ་བ་ཐག་གཅོད་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཟོ་བར་འཐབ་རྩོད་བྱེད་དགོས། རྩྭ་སའི་སྲུང་སྐྱོབ་སླར་གསོར་ཤུགས་བསྣན་ནས་ཐོན་ཁུངས་དོ་དམ་དང་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་གསར་གཏོད་བྱས་ཏེ། སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་བཏང་ནས། སྔོ་ལྗང་གི་དམངས་ཕྱུག་ཐོན་ལས་གསར་སྐྲུན་གྱིས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་ཞེས་བསྟན། 

ཚོགས་ཞུགས་འཐུས་མིས་ཡུལ་དངོས་ནས་འབྲི་ཆུའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་། ལེབ་ཁོག་གི་སྐྱེ་ཁམས་འཛུགས་སྐྲུན། དེ་མིན་མཐོ་སྒང་གི་རྒྱུད་བཟང་ནགས་རའི་གསོ་སྐྱོང་ཚོད་ལྟའི་རྟེན་གཞི་སོགས་སུ་ལྟ་སྐོར་དུ་ཕྱིན། ཚོགས་འདུས་རྒྱལ་ཁབ་ནགས་ཚལ་ཞིང་སྡེ་དང་ཞིང་ཆེན་རིམ་པའི་ནགས་ཚལ་མཁར་གྲོང་ཞིང་སྡེ་འཐུས་ཚབ་ལ་བྱང་བུ་གནང་།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།