དྭངས་གཙང་ཆུ་བོ་ཤར་ཏུ་བཞུར་ཞེས་པའི2020ལོའི་ཁུ་ནུ་རིག་གནས་ལ་བཅར་ནས་རབ་མཛེས་མཚོ་སྔོན་ཐད་གཏོང་བྱེད་པའི་བཅར་འདྲི་བྱ་འགུལ་འགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས25ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། མཚོ་སྔོན་ཞིང་ཆེན་དྲ་རྒྱའི་བརྡ་འཕྲིན་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་དང་། མཚོ་སྔོན་དྲ་རྒྱའི་གསར་འགྱུར་ལྟེ་གནས་ཀྱིས་འགན་སྒྲུབ་བྱས་པའི་དྭངས་གཙང་ཆུ་བོ་ཤར་ཏུ་བཞུར་ཞེས་པའི2020ལོའི་ཁུ་ནུ་རིག་གནས་ལ་བཅར་ནས་རབ་མཛེས་མཚོ་སྔོན་ཐད་གཏོང་བྱེད་པའི་བཅར་འདྲི་བྱ་འགུལ་དངོས་སུ་འགོ་བརྩམས། ཀྲུང་དབྱང་དང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། ས་གནས་སོ་སོའི་གཙོ་གནད་གསར་འགྱུར་དྲ་ཚིགས་37ཀྱི་རྩོམ་སྒྲིག་པ་དང་གསར་འགོད་པ་ཐེངས་འདིའི་བྱ་འགུལ་ཁྲོད་ཞུགས།

ཐེངས་འདིའི་བཅར་འདྲིའི་བྱ་འགུལ་གྱི་དམིགས་ཡུལ་ནི་གཅིག་བསྡུས་སྒོས་མཚོ་སྔོན་མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་བྱེད་པར་འབད་བརྩོན་དང་། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པ་དང་། ལྔ་བཞིའི་འཐབ་ཇུས་སྐུལ་འདེད་དང་། དཔེ་སྟོན་ཞིང་ཆེན་ལྔ་འཛུགས་སྐྲུན་བྱེད་པ། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་གསར་བ་དང་གྲུབ་འབྲས་གསར་བ་འགྲེམ་སྟོན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཡོངས་ཀྱིས་མཚོ་སྔོན་ལ་དོ་ཁུར་དང་བསྔགས་བརྗོད་བྱེད་ཚད་མཐོ་རུ་བཏང་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བསམ་བློའི་སྟོབས་ཤུགས་དང་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་བྱེེད་པ་དེ་ཡིན། ཐེངས་འདིའི་བཅར་འདྲིའི་ཚོགས་པས་ཧུའུ་ཀྲུའུ་ནས་ཆང་བཟོ་གྲྭ་དང་། ཧོར་རིགས་ཀྱི་ཡུལ་སྲོག་གླིང་ཀ ན་གོར་མོ་གྲོང་ཁྱེར་ཀའོ་ལེ་མུའུ་ཏི་གྲོང་རྡལ་གྱི་ཧོང་ལིག་སྡེ་བ་དང་། འབྲི་ཆུའི་འབྱུང་ཁུངས་སྡེ་བ། ཚྭ་འར་ཧན་ཚྭ་མཚོ་སོགས་སུ་སོང་ནས་བཅར་འདྲི་བྱེད་རྒྱུ་ཡིན་པ་མ་ཟད། ན་གོར་མོའི་ཁུ་ནུ་རིག་གནས་གནས་སྐོར་དུས་ཆེན་དུ་ཞུགས་རྒྱུ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།