ཀྲང་ལིས་ཀྱིས་སྲིད་གྲོས་ཨུ་ཡོན་གྱི་གཙོ་གནད་གྲོས་འདོན་བྱ་བའི་ཚོགས་འདུའི་སྟེང་གྲོས་འདོན་གྱི་ལས་སྒྲུབ་སྤུས་ཚད་མཐོ་རུ་བཏང་སྟེ་མཚོ་སྔོན་དང་ཞང་ཀང་ན་གཞོན་གྱི་འགྲོ་འོང་བརྗེ་རེས་ཟབ་སྤེལ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཡིས་སྲིད་གྲོས་ཨུ་ཡོན་གྱི་གཙོ་གནད་གྲོས་འདོན་བྱ་བའི་ངོ་འཕྲད་ཚོགས་འདུ་འཚོག་ཏེ། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་དང་ཞང་ཀང་བར་གྱི་ན་གཞོན་གྱི་འགྲོ་འོང་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གྲོས་གཞི་ལས་སྒྲུབ་གནས་ཚུལ་གྱི་སྲིད་གྲོས་ཨུ་ཡོན་ལ་ལན་སློག་པ་དང་། བསམ་འཆར་ལ་ཉན་པ། རྗེས་མའི་བྱ་བར་བཀོད་སྒྲིག་བཅས་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲོའུ་ཁྲིན་གདན་དྲངས་པ་ལྟར་ཚོགས་འདུར་ཞུགས་པ་མ་ཟད་བླང་བྱ་བཏོན། 

འགན་སྒྲུབ་ལས་ཁུངས་ཀྱི་ལས་སྒྲུབ་གནས་ཚུལ་གྱི་དྲིས་ལན་ལ་ཉན་རྗེས། ཀྲང་ཧྲོའུ་ཁྲིན་གྱིས་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྲིད་གྲོས་ཨུ་ཡོན་གྱི་ལས་སྒྲུབ་བྱ་བར་ཁས་ལེན་གང་ལེགས་གནང་བ་དང་།སྣེ་ཁྲིད་ལས་སྒྲུབ་འགོ་ཁྲིད་ཀྱིས་ཞིབ་འཇུག་བཀོད་སྒྲིག་དང་། མཛུབ་སྟོན་ཟབ་མོ་བྱས་པ་དང་། འགན་སྒྲུབ་ལས་ཁུངས་ཀྱི་མཐུན་སྦྱོར་བྱས་ཏེ། ཕན་ནུས་ལྡན་པའི་བྱ་བ་མང་པོ་སྒྲུབ་པའི་དུས་མཚུངས་སུ། བརྗེ་རེས་སྟེགས་བུ་འཛུགས་སྐྲུན་དང་བརྗེ་རེས་ཀྱི་རྣམ་པ་གསར་སྐྲུན། བརྗེ་རེས་མཉམ་ལས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ་སོགས་ཀྱི་ཐད་ཤུགས་བཏོན་ནས། མཚོ་སྔོན་དང་ཞང་ཀང་གི་ན་གཞོན་བརྗེ་རེས་མུ་མཐུད་དུ་ཇེ་ཟབ་ཏུ་གཏོང་དགོས་པར་འདོད། 

ཀྲང་ལིས་ཡིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས། མཚོ་སྔོན་དང་ཞང་ཀང་གི་ན་གཞོན་བར་གྱི་བརྗེ་རེས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་ཁྱོན་ལ་ཞབས་འདེགས་ཞུ་བ་དང་། བརྗེ་རེས་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན། གཙོ་གནད་དོན་འཁྱོལ་དང་། གྲོས་གཞི་ལས་སྒྲུབ་དེ་མཚོ་སྔོན་དང་ཞང་ཀང་བར་གྱི་ན་གཞོན་འབྲེལ་འདྲིས་དང་། བརྗེ་རེས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པའི་ཆ་ནས། སེམས་ཞིབ་མོས་འཆར་འགོད་དང་། རྩ་འཛུགས། དྲ་སྟེང་གི་བརྗེ་རེས་ལ་ཤུགས་བསྣན་ཏེ། ཡུན་ཕན་གྱི་སྒྲིག་སྲོལ་སྒྲིག་འཛུགས་དང་། ཐོན་ཁུངས་སྟོབས་ཤུགས་གཅིག་སྒྲིལ། དེ་མིན་བརྗེ་རེས་ཀྱི་ཐབས་ལམ་རྒྱ་བསྐྱེད་པ་དང་དྲིལ་སྒྲོག་རྒྱ་ཆེར་བྱས་ཏེ་མུ་མཐུད་དུ་ཞང་ཀང་གི་ན་གཞོན་གྱི་མེས་རྒྱལ་དང་མི་རིགས། རིག་གནས་ཀྱི་ངོས་ཟིན་མཐོར་འདེགས་སུ་བཏང་སྟེ། བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། གྲོས་གཞི་ལས་སྒྲུབ་སྟེང་ཤུགས་བསྣན་ཏེ། མུ་མཐུད་དུ་བརྗེ་རེས་དང་མཐུན་སྒྲིལ་བྱས་ནས། ཨུ་ཡོན་ཡིད་ཚིམས་པ་དང་མང་ཚོགས་ལ་ཕན་ཁེ་ཐོབ་པར་བྱས་ནས། གྲོས་གཞི་ལས་སྒྲུབ་ལ་ཕན་འབྲས་ཐོབ་པར་ཁག་ཐེག་བྱ་དགོས་ཞེས་བསྟན།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།