ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་དམངས་གཙོའི་གྲོས་མོལ་ཚོགས་འདུ་བསྡུས་ཏེ། དམངས་གཙོའི་ཏང་ཁག་སོ་སོ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཁག་གང་འང་མི་གཏོགས་པ་དང་།མི་རིགས་ཆོས་ལུགས་ཁག་གི་འཐུས་ཚབ་པའི་འབྲེལ་ཡོད་མི་དོན་བཀོད་སྒྲིག་སྐོར་གྱི་བསམ་འཆར་བསྡུ་ལེན་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་མི་དོན་བཀོད་སྒྲིག་སྐོར་གྱི་གནས་ཚུལ་ཡོངས་བསྒྲགས་བྱས།
ཝང་ཡུས་ཡན་གྱིས་འབྲེལ་ཡོད་འདེམས་སྒུག་མི་སྣའི་གནས་ཚུལ་མཚམས་སྦྱོར་བྱས་རྗེས་བསྟན་དོན། མི་འགྱངས་བར་འཚོགས་འཆར་ཡོད་པའི་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་བས་ས་གནས་རྩ་འཛུགས་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར། འབྲེལ་ཡོད་འགོ་ཁྲིད་མི་སྣ་འདེམས་བསྐོ་བྱེད་རྒྱུ་ཡིན་ཞིང་། འདི་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་ལས་དོན་གལ་ཆེན་ཞིག་ཡིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་དམངས་གཙོའི་གྲོས་མོལ་ཚོགས་འདུ་བསྡུས་ཏེ། འབྲེལ་ཡོད་མི་དོན་བཀོད་སྒྲིག་སྐོར་གྱི་བསམ་འཆར་ལ་ཉན་པ་དང་། དམངས་གཙོའི་གྲོས་མོལ་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཕྱོགས་སོ་སོ་མཐུན་སྒྲིལ་བྱས་ནས་ཚོགས་ཆེན་ལ་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས་ཞེས་བསྟན།
གདན་དྲངས་པ་ལྟར་གྲོས་ཚོགས་ཞུགས་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཕྱིའི་ཀྲུའུ་རིན་གཞོན་པ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཕྱིའི་ཀྲུའུ་ཞི་གཞོན་པ། དམངས་གཙོའི་ཏང་ཁག་སོ་སོ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ་དང་ཏང་ཁག་གང་ལའང་མི་གཏོགས་པ་དང་། མི་རིགས་ཆོས་ལུགས་ཁག་གི་འཐུས་ཚབ་པ་བཅས་ཀྱིས། ཀྲུང་དབྱང་གི་མིང་འདོན་འདེམས་སྒུག་པ་ནི་གཅིག་གྱུར་བསམ་གཞིག་དང་། ཞིབ་འཇུག བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་སྟེང་བྱུང་བ་ཡིན་པས། ཚང་མས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་དགོས་པའི་འདོད་ཚུལ་བསྟན། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་དམངས་གཙོའི་གྲོས་མོལ་ཚོགས་འདུ་བསྡུས་ཏེ་འབྲེལ་ཡོད་མི་དོན་བཀོད་སྒྲིག་བསམ་འཆར་བསྡུ་ལེན་བྱས།