ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས24ཉིན། ཀན་སུའུ་ཞིང་ཆེན་ཏིང་ཞི་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་ཚོགས་འདུ་ཟི་ལིང་དུ་འཚོགས་པ་དང་། ཟི་ལིང་དང་ཏིང་ཞི་གྲོང་ཁྱེར་གཉིས་ཀྱིས་རིག་གནས་ཡུལ་སྐོར་མཉམ་འབྲེལ་གྱི་སྒྲོམ་གཞི་བཟོས་ཏེ་གྲོས་མཐུན་བཞག་པ་རེད།
འོས་སྦྱོར་ཚོགས་འདུའི་སྟེང་ཏིང་ཞི་གྲོང་ཁྱེར་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུའུ། ཏིང་ཞི་གྲོང་ཁྱེར་གྱི་རྫོང་དང་ཁུལ་སོ་སོས་ས་གནས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཡུལ་དངོས་སུ་འོས་སྦྱོར་བྱས་པ་དང་། ཏིང་ཞི་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་སྨྱན་སྦྱོར་དག་གི་དྲི་བར་ལན་བཏབ་པ་དང་། ཏིང་ཞི་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག《པ་ཏིང་ཞབས་བྲོ》དང《ནུའོ་བྲོ》སོགས་འཁྲབ་སྟོན་བྱས་ཏེ་མང་ཚོགས་ཀྱི་བསྟོད་བསྔགས་ཐོབ་པ་རེད། ཏིང་ཞི་གྲོང་ཁྱེར་གྱི་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུའུ་དང་ཟི་ལིང་གྲོང་ཁྱེར་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཏིང་ཞི་རིག་གནས་ཡུལ་སྐོར་ལུས་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་ཟི་ལིང་གྲོང་ཁྱེར་རིག་གནས་ཡུལ་སྐོར་འཕེལ་རྒྱས་མ་འཇོག་ཚད་ཡོད་ཀུང་སི། ཏིང་ཞི་ཧྭ་ལུས་རྒྱལ་སྤྱིའི་ཡུལ་སྐོར་ཚད་ཡོད་ཀུང་སི། མཚོ་སྔོན་ཧའེ་ཐུའུ་རྒྱལ་སྤྱིའི་ཡུལ་སྐོར་ཁང་ཚད་ཡོད་ཀུང་སིས་བཅས་ཀྱིས་གྲོང་ཁྱེར་གཉིས་ཀྱི་རིག་གནས་ཡུལ་སྐོར་མཉམ་འབྲེལ་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། དྲིལ་བསྒྲགས་དང་འོས་སྦྱོར། མཉམ་མྱོང་བརྗེ་རེས་བཅས་རྒྱ་ཆེར་བཏང་ནས། ཚོང་འགུགས་མ་འདྲེན་གྱི་མཉམ་འབྲེལ་ལ་སྐུལ་འདེད་གཏོང་བ་དང་མཉམ་འགུལ་འཕེལ་རྒྱས་གྱི་ལམ་སྲོལ་འཛུགས་པ། ཤེས་ལྡན་མི་སྣ་བརྗེ་རེས་དང་གསོ་སྦྱོང་སོགས་མཐོར་འདེགས་གཏོང་བར་མོས་མཐུན་བྱུང་བ་རེད།
ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་ཚོགས་པའི་གྲོང་ཁྱེར་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཏིང་ཞི་དང་ཟི་ལིང་ནི་གནའ་བོའི་དར་གོས་ཚོང་ལམ་གྱི་གྲོོང་རྡལ་གལ་ཆེན་གྱི་ཁོངས་སུ་གཏོགས་པ་དང་། གྲོང་ཁྱེར་གཉིས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཐོན་ལས་ལེགས་ཆའི་ཐད་ནས་གཅིག་མཚུངས་ཀྱི་ཆ་ཡོད་པ་དང་རང་ཉིད་ཀྱི་ཁྱད་ཆོས་ལྡན་པ་རེད། ས་གནས་གཉིས་བར་གྱི་སྲིད་གཞུང་གི་མཉམ་འགུལ་དང་ཡང་ན་དམངས་ཁྲོད་བརྗེ་རེས་ཀྱི་ཐད་ནས། ཕན་ཚུན་ཁ་གསབ་རྒྱུན་མཐུད་བྱེད་ཐུབ་ལ། བརྗེ་རེས་དང་འཕེལ་རྒྱས་ལ་ཕན་ཚུན་སྐུལ་འདེད་གཏོང་ཐུབ། གྲོང་ཁྱེར་གཉིས་ཀྱིས་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་ལམ་ལུགས་འཛུགས་སྐྲུན་དམ་འཛིན་བྱས་ཏེ། ཐོན་ཁུངས་ཁ་གསབ་དང་ཁྲོམ་ར་མཉམ་འཛུགས་བྱེད་པ། འགྲུལ་བ་ཕན་ཚུན་སྐྱེལ་རེས་བཅས་བྱས་ནས་ཐུན་མོང་གིས་གྲོང་ཁྱེར་གཉིས་ཀྱི་རིག་གནས་ཡུལ་སྐོར་ཀྱི་ཚོང་རྟགས་ཀྱི་སྐུལ་ཁྲིད་ནུས་པ་དང་ཁྱབ་འགྱེད་ནུས་པ། ཤུགས་རྐྱེན་གྱི་ནུས་པ་བཅས་མཐོར་འདེགས་སུ་གཏོང་རྒྱུ་རེད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ཏིང་ཞི་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར་གཉིས་ཀྱིས་རིག་གནས་ཡུལ་སྐོར་མཉམ་འབྲེལ་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ།