ཀྲུང་གོ་ཞི་བདེ་རྒྱ་མཚོ་ཆེན་མོའི་འགན་བཅོལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་གྱི་རྡོ་བྱང་འཛུགས་པའི་མཛད་སྒོ་གུང་ཧོ་རྫོང་དུ་འཚོགས།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་ཞི་བདེ་རྒྱ་མཚོ་ཆེན་མོའི་འགན་བཅོལ་ཀུང་སིའི་ལས་མི་ཁྲི11དང་འཚོང་མཁན་ཁྲི88གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་བཅངས་བའི་བརྩེ་བ་ཟབ་མོར་ཐུན་མོང་ཐོག་བདེན་དཔང་བྱ་ཆེད། ཟླ8པའི་ཚེས20ཉིན་ཀྲུང་གོ་ཞི་བདེ་རྒྱ་མཚོ་ཆེན་མོའི་འགན་བཅོལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་རྡོ་བྱང་བཙུགས།  

ཀྲུང་གོའི་ཞི་བདེ་རྒྱ་མཚོ་ཆེན་མོའི་འགན་བཅོལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་ནི་ཀྲུང་གོ་ཞི་བདེ་རྒྱ་མཚོ་ཆེན་མོའི་འགན་བཅོལ(ཚོགས་པ)དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཐབ་ཇུས་མཉམ་ལས་གྲོས་མཐུན་གྱི་མཉམ་ལས་ནང་དོན་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་ཞི་བདེ་རྒྱ་མཚོ་ཆེན་མོའི་འགན་བཅོལ(ཚོགས་པ)གྱིས་རང་འགུལ་ངང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོང་དང“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བྱ་སྤྱོད་ཀྱི་ཞིབ་ཕྲའི་ལག་ལེན་ཞིག་རེད། ལོ་གཅིག་ཙམ་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཀྲུང་གོ་ཞི་བདེ་རྒྱ་མཚོ་ཆེན་མོའི་འགན་བཅོལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་རྣམ་གྲངས་ཀྱིས་སྡོང་ཕྲུག་སྣ་ཚོགས་ཁྲི5ཙམ་བཙུགས་ཤིང་གསོན་ཚད95%ཡན་ཟིན་ནས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བཏང་བ་དང་། སྐྱེ་ཁམས་ཞབས་ཞུའི་མཁོ་སྤྲོད་དང་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་ལེགས་སུ་བཏང་ནས་ས་ཁུལ་གྱི་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་ལེགས་ཕྱོགས་འཕེལ་རྒྱས་ལ་གསོན་ཤུགས་དང་འགུལ་ཤུགས་གསར་པ་བསྣན་ཡོད།  

ཤེས་རྟོགས་བྱུང་བ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་ནི་ཀྲུང་གོ་ཞི་བདེ་རྒྱ་མཚོ་ཆེན་མོའི་འགན་བཅོལ་ཀུང་སི་བཙུགས་ཚུན་ལས་མི་ཞུགས་རྒྱ་ཆེ་ཤོས་དང་ཧུར་སེམས་ཆེ་ཤོས། ཤུགས་རྐྱེན་ཆེ་ཤོས་ཀྱི་སྤྱི་ཕན་བྱེད་སྒོ་ཞིག་རེད། དེའི་ཐད་ཀྲུང་གོ་ཞི་བདེ་རྒྱ་མཚོ་ཆེན་མོའི་འགན་བཅོལ(ཚོགས་པ)ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྤྱི་འཛིན་པ་ཧྥུའུ་ཧྥན་གྱིས་སླད་ཕྱིན་ཀྲུང་གོ་ཞི་བདེ་རྒྱ་མཚོ་ཆེན་མོའི་འགན་བཅོལ(ཚོགས་པ)གྱིས་མཚོ་སྔོན་དང་མཉམ་ལས་བྱེད་པའི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་ཞིང་འབྲེལ་འདྲེས་གྱི་ཆུ་ཚད་མཐོར་འདེགས་བཏང་ནས“ཞི་བདེ་རྒྱ་མཚོ་ཆེན་མོའི་འགན་བཅོལ་སྤྱི་ཕན་ནགས་ཚལ”དེ་ལྗང་མདོག་འཕེལ་རྒྱས་ནགས་ཚལ་དང་མི་རིགས་མཐུན་སྒྲིལ་ནགས་ཚལ། གནད་སྨིན་དབུལ་སྐྱོར་ནགས་ཚལ་བཅས་སུ་བསྐྲུན་རྒྱུ་ཡིན་ཞེས་བསྟན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།