ཀྲང་ལིས་ཀྱིས་རྒྱང་སྒྲོག་བརྙན་འཕྲིན་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལིས་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལས་གཞི་འཛུགས་སྐྲུན་ཡུལ་དངོས་སུ་སོང་ནས། ལས་གཞི་བསྒྱུར་བཀོད་འཛུགས་སྐྲུན་དང་བདེ་འཇགས་དྲིལ་སྒྲོག་སོགས་བྱ་བར་རྟོག་ཞིབ་བྱས། ཁོ་མོས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཉེན་བརྡའི་སློབ་གསོ་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། སྤུས་ཚད་མཐོན་པོས་འཛུགས་སྐྲུན་དང་ཚད་གཞི་མཐོན་པོས་དོ་དམ། ཆུ་ཚད་མཐོན་པོས་ཞབས་ཞུ་རྒྱུན་འཁྱོངས་བྱས་ནས། འཁོར་རྒྱུག་སྤུས་ལེགས་དང་དྲིལ་སྒྲོག་སྤུས་ལེགས། ཐོན་སྐྱེད་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་། མི་དམངས་མང་ཚོགས་ལ་སྤུས་ལེགས་ཀྱི་བསམ་པའི་རིག་གནས་འདོན་སྤྲོད་བྱེད་དགོས་ཟེར།

ཀྲང་ལིས་བརྒྱད་བཞི་གཅིག་ཕྱིར་གཏོང་འཁོར་སྐར་སའི་གོ་ལའི་ས་ཚིགས་དང་བརྙན་འཕྲིན་ཕྱིར་གཏོང་འཕྲུལ་ཆས་ཁང་སོགས་ལ་སོང་ནས། ལག་རྩལ་བརྗེ་སྤོར་དང་སྒྲིག་ཆས་བཀོལ་སྤྱོད། བདེ་འཇགས་དོ་དམ། ཞབས་ཞུ་འགན་སྲུང་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོ་མོས་ནན་གྱིས་བསྟན་དོན། རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་བརྒྱུད་གཏོང་སྤུས་ཚད་དང་རྒྱང་སྒྲོག་བརྙན་འཕྲིན་གཏོང་ཚད་ལ་དམིགས་ནས། རྒྱང་སྒྲོག་བརྙན་འཕྲིན་མཐོ་གསལ་ཅན་དུ་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། ད་ལོར་མཐོ་གསལ་ཅན་དུ་བསྒྱུར་བ་མངོན་འགྱུར་བྱས་ནས། སྤུས་ཚད་མཐོ་བའི་རྒྱང་སྒྲོག་བརྙན་འཕྲིན་ཞབས་ཞུ་འདོན་སྤྲོད་བྱེད་དགོས། བདེ་འཇགས་བརྒྱུད་སྒྲོག་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། བརྒྱུད་སྒྲོག་བྱ་བའི་གོ་རིམ་ཇེ་ཞིབ་ཏུ་གཏོང་བ། ལས་གཞི་འཛུགས་སྐྲུན་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྒྲིག་ཆས་བཀོལ་སྤྱོད་སྲུང་སྐྱོབ་ལ་དམ་འཛིན་བྱེད་པ། ལག་རྩལ་གྱི་འགོག་སྲུང་དང་དངོས་ཟོག་གི་འགོག་སྲུང་། མིའི་འགོག་སྲུང་གི་དོ་དམ་མུ་འབྲེལ་གྲུབ་པར་བྱས་ནས། ཕྱོགས་ཡོངས་ཀྱི་ལངས་གཟུགས་ཅན་བདེ་འཇགས་བརྒྱུད་སྒྲོག་འགོག་སྲུང་བརྟན་པོ་འཛུགས་དགོས་ཟེར།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།