བློ་བཟང་ལས་རིགས་ལག་རྩལ་སློབ་གྲྭས་ཆེད་ཚན་སློབ་མ་བསྡུ་བཞིན་ཡོད་པ།

མཚོ་སྔོན་རྒྱང་སྒྲོག་སློབ་ཆེན་བློ་བཟང་སློབ་ཁྲིད་ལྟེ་གནས་ཀྱི་བློ་བཟང་ལས་རིགས་ལག་རྩལ་སློབ་གྲྭས་ཆེད་ཚན་སློབ་མ་བསྡུ་བཞིན་ཡོད་པ།

ཆེད་ཚན་སློབ་མ་བསྡུ་བཞིན་པ།

མཚོ་སྔོན་རྒྱང་སྒྲོག་སློབ་ཆེན་བློ་བཟང་སློབ་ཁྲིད་ལྟེ་གནས་ཀྱི་བློ་བཟང་ལས་རིགས་ལག་རྩལ་སློབ་གྲྭས་བོད་ཡིག་ཆ་འཕྲིན་ལག་རྩལ་ཆེད་ལས་ཀྱི་ལོ་གསུམ་ཅན་གྱི་ཆེད་ཚན་སློབ་མ་བསྡུ་བཞིན་ཡོད་པས། དུས་ལྟར་ཐོ་འགོད་བྱེད་པར་དགའ་བསུ་ཞུ།

ཐོ་འགོད་དུས་ཚོད།  2020ལོའི་སྤྱི་ཟླ9བ་ཡིན།

རྒྱུགས་ལེན་དུས་ཚོད།  2020ལོའི་སྤྱི་ཟླ10བའི་ནང་ཡིན།

རྒྱུགས་ལེན་བྱ་གཙོ་བོ།  བོད་ཡིག གྲངས་རིག(བོད་ཡིག)དབྱིན་ཡིག 

ཆེད་ལས་ཚབ་རྟགས། 19351  རིགས་ཚན་ཚབ་རྟགས། 6 སློབ་རའི་ཚབ་རྟགས། 51382

སློབ་གླིང་མིང་།       མཚོ་སྔོན་རྒྱང་སྒྲོག་སློབ་ཆེན།  ཆེད་ལས་མིང་རྟགས། རྩིས་འཁོར་ཉེར་སྤྱོད་ལག་རྩལ། (བོད་ཡིག་རྩིས་འཁོར་ཉེར་སྤྱོད་ཁ་ཕྱོགས)མིང་ཐོ་འགོད་ཐབས། མཐོ་འབྲིང(འབྲིང་རིམ)གི་མཐར་ཕྱིན་དཔང་ཡིག་དང་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་བསྐྱར་དཔར། ཚུན་གཅིག་ཅན་གྱི་འདྲ་པར་བཞི་དང་གློག་རྡུལ་འདྲ་པར།  འདྲ་པར་གྱི་རྒྱབ་ལྗོངས་སྔོན་པོ་ཡིན་དགོས། གཞན་རྒྱུགས་སྤྲོད་སློབ་མས་རྒྱུགས་ལེན་གྲོན་དངུལ་སྒོར་བདུན་ཅུ་དོན་ལྔ་སྤྲོད་དགོས།   

མིང་ཐོ་འགོད་ཡུལ།  གཅིག་གྱུར་གྱིས་མཚོ་སྔོན་རྒྱང་སྒྲོག་སློབ་ཆེན་གྱི་སློབ་ཁྲིད་ལྟེ་གནས(བློ་བཟང་སློབ་གྲྭ)རུ་མིང་ཐོ་འགོད་དགོས། 

སློབ་གྲྭའི་འབྲེལ་གཏུགས་བྱེད་ཡུལ།

སློབ་གཙོ་བློ་བཟང་། 18609746000   དགེ་རྒན་སྙིང་དཔལ་རྒྱལ། 18609746111

དགེ་རྒན་ཕྱུག་སྐྱོང་ཐར། 1860976222    དགེ་རྒན་རིན་ཆེན་དབང་མོ། 18609746333

གསལ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཁུལ་སོ་སོའི་སློབ་བསྡུ་གཞུང་ལས་ཁང་གིས་གཅིག་གྱུར་གྱི་ཡིག་རྒྱུགས་ལེན་པར་འགན་ཁུར་ཡོད།  མཐར་ཕྱིན་དཔང་ཡིག་ནི་རྒྱལ་ཁབ་སློབ་གསོ་པུའུ་དྲ་བའི་སྟེང་འདྲི་རྩད་བྱས་ཆོག་ལ། སློབ་ཁྲིད་ལྟེ་གནས་ཀྱིས་གཙོ་བོ་སློབ་ཁྲིད་དང་། དོ་དམ། རྒྱུགས་ལེན། དངོས་སྦྱོང་སོགས་ཀྱི་ལས་འགན་ཁུར་ཡོད་ལ། གཞན་བློ་བཟང་སློབ་གྲྭ་ནི་ཆེད་ལས་ཅན་གྱི་བོད་ཡིག་ཆ་འཕྲིན་ཉེར་སྤྱོད་ལག་རྩལ་གྱི་སློབ་ཁྲིད་ལྟེ་གནས་གཅིག་པུ་ཡིན། 

སློབ་གྲྭ་མཚམས་སྦྱོར།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བློ་བཟང་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭའམ་བསྡུས་མིང་ལ་བློ་བཟང་སློབ་གྲྭ་ཞེས་པ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་དུ་གནས་ཤིང་། 2014ལོར་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་མཚོ་ལྷོ་ཁུལ་མི་ཤུགས་ཐོན་ཁུངས་ཅུའུ་ཡི་ཆོག་མཆན་ཐོབ་ནས་བཙུགས་པ་མ་ཟད། བོད་རྒྱ་སྐད་གཉིས་ཀྱི་ཁྱད་ཆོས་དང་ལྡན་པའི་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭ་ཞིག་ཡིན། གཙོ་བོ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཆ་འཕྲིན་ལག་རྩལ་དང་། གློག་རྡུལ་ཚོང་དོན། ཁེ་ལས་གསར་འབྱེད། ཞིང་ཕྱུགས་ཉེར་སྤྱོད་ལག་རྩལ་སོགས་ཀྱི་དུས་ཐུང་གསོ་སྦྱོང་དང་། བོད་རྒྱ་སྐད་གཉིས་ཀྱི་རྩིས་འཁོར་ཉེར་སྤྱོད་ལག་རྩལ་ཅན་གྱི་ཆེད་ཚན་སློབ་ཆེན་གྱི་སློབ་གསོ་གཉེར་བཞིན་པའི་སློབ་གྲྭ་ཞིག་ཡིན། སློབ་གྲྭའི་རྒྱ་ཁྱོན་ལ་མུའུ་68ཟིན་པ་དང་། བཟོ་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི14000ཟིན་ཡོད། 

སློབ་གྲྭའི་དགེ་རྒན་གྱི་དཔུང་ཁག་ནི་གཙོ་བོར་ཕྱི་རྒྱལ་དུ་སློབ་གཉེར་ཕྱིན་པའི་ཕྱི་འགྲིམ་མི་སྣ་དང་། སློབ་གྲྭ་ཆེན་མོའི་དགེ་རྒན། ཁེ་ལས་པ་བཅས་ལས་གྲུབ་ཅིང་། ད་ཡོད་ཀྱི་ཆེད་ལས་དང་གཅིག་ལྕོགས་དགེ་རྒན65ཡོད་པ་དང་། དེའི་ནང་འབུམ་རམས་པའི་དགེ་རྒན13དང་། རབ་འབྱམས་པའི་དགེ་རྒན10ཡོད་པ་དང་། ཕྱི་རྒྱལ་དུ་སློབ་སྦྱོང་ལ་སོང་ནས་ཕྱིར་རང་རྒྱལ་ཏུ་ལོག་པའི་མི་སྣ6དང་། ཁེ་ལས་པའི་མི་སྣ15དང་། མཐོ་རིམ་གོ་མིང་ཅན་གྱི་མི་སྣ13བཅས་ཡོད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།