རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་ཐད་ལ་མ་དངུལ་སྒོར་དུང་ཕྱུར་དགུ་ལྷག་གིས་རྒྱབ་སྐྱོར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཧུར་ཐག་བརྩོན་ལེན་བྱས་འོག ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་ཉིས་སྟོང་ཉི་ཤུ་ལོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སྐབས་གཉིས་པའི་བཟོ་སྐྲུན། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་འཛུགས་སྐྲུན་ཐད་ལ་ཀྲུང་དབྱང་གི་སྔོན་རྩིས་ལས་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་བདུན་བཏང་།

ཉིས་སྟོང་བཅུ་གསུམ་ལོར་བཟོ་སྐྲུན་ལས་གཞི་གཉིས་ལག་བསྟར་བྱས་པའི་ཚུན་ལ། མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བརྒྱད་ལྷག་གཅིག་གྱུར་སྒོས་འཆར་འགོད་དང་དངོས་འབེབས་བྱས་ནས། བཟོ་སྐྲུན་སྣ་ཚོགས་བདེ་བླག་ངང་ལག་བསྟར་བྱེད་ཀྱིན་ཡོད། ད་ཐེངས་ཀྲུང་དབྱང་སྔོན་རྩིས་ལས་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་བདུན་བཏང་བ་དེས་གཙོ་བོ་བྱེ་ཐང་ཅན་དུ་འགྱུར་བའི་ས་ཞིང་འགོག་བཅོས་དང་ས་ནག་ཐང་བཅོས་སྐྱོང་། བརླན་ས་སྲུང་སྐྱོབ། ནགས་ཚལ་དང་རྩྭ་ས་སྲུང་སྐྱོབ། སྐྱེ་ཁམས་ལྟ་ཞིབ་ཚད་ལེན། གསོ་སྐྱོང་སོགས་ལས་གཞི་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།