མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉེན་བརྡ་གཏོང་བའི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་རྒྱ་བསྐྱེད་གྲོས་ཚོགས་ཐེངས་ཞེ་དྲུག་པ་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉེན་བརྡ་གཏོང་བའི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ་གཏམ་བཤད། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཀའོ་ཧྭ། ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་རིན་གཞོན་པ་ཝུའུ་ཧེ་ཁོན་བཅས་གྲོས་ཚོགས་ལ་ཞུགས། ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་དུ་ཞུགས། 

གྲོས་ཚོགས་ནས་བསྟན་དོན། ཧྲུའུ་ཅི་ཝང་ཅན་ཅོན་གྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཉེན་བརྡ་གཏོང་བའི་སློབ་གསོའི་ཚོགས་ཆེན་སྟེང་གི་གཏམ་བཤད་ལས་ཞིང་ཆེན་ཏང་ཨུ་ཡིས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་དོན་རྐྱེན་ཐག་གཅོད་ནན་མོ་བྱེད་པའི་ཆོད་སེམས་མཚོན་ཡོད་པ་དང་། ཚད་མཐོ་བའི་ཆབ་སྲིད་རང་རྟོགས་དང་བརྟན་བརླིང་གི་འགན་འཁྲིའི་ཁག་ཁུར་ཡང་མངོན་པར་བྱས་ཡོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་མཐའ་གཅིག་ཏུ་དངོས་འབེབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལ་མཐའ་གཅིག་ཏུ་གོང་བཀུར་བྱས་ཏེ། དུས་ངེས་མེད་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དམ་འཛིན་བྱས་ནས་དམངས་ཆེན་གྱི་འགན་འཁྲིའི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར། 

གྲོས་ཚོགས་ནས་སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ངོས་ཟིན་ཇེ་མཐོར་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཁུར་དུ་ལེན་པ་དང་། ཁྲིམས་འགལ་གྱིས་གཏེར་ཁ་སྔོག་འདོན་བྱེད་པའི་དོན་རྐྱེན་གྱི་ཚབས་ཆེན་རང་བཞིན་ལ་ངེས་ཤེས་གསལ་བོ་རྙེད་པ། ཞིང་ཆེན་ཏང་ཨུ་ཡིས་གནད་དོན་ཐག་གཅོད་བྱེད་པའི་ཆོད་སེམས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། ཟོལ་མེད་ཀྱིས་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དངོས་འབེབ་བྱེད་པའི་རང་རྟོགས་རང་བཞིན་ཇེ་དྲག་ཏུ་གཏོང་བ། ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱས་ནས། དམངས་ཆེན་ལམ་ལུགས་ཀྱི་ཁྱད་སྟོབས་དེ་བཅོས་སྐྱོང་བྱེད་ནུས་སུ་བསྒྱུར་ཏེ། ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁྲིམས་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པའི་རེ་བ་བཏོན། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་གཏིང་ཟབ་ཏུ་དངོས་འབེབས་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རེ་བ་ནན་སྲུང་བྱེད་པ། ནན་ཏན་གྱིས་བསམ་བློ་བཏང་ནས་བསམ་བློའི་ངོས་འཛིན་དང་ཁྲིམས་འཛུགས་ལྟ་རྟོག འཐུས་མིའི་བྱ་བའི་ཁྲོད་གནས་པའི་མི་འདང་ས་དང་བར་ཁྱད་བཅས་ལ་ལྟ་ཞིབ་ཡང་དག་བྱས་ཏེ། རང་འགུལ་གྱིས་རྗེས་འདེད་དང་བྱ་བ་ནན་བསྒྲུབ་བྱེད་དགོས། ཁྲིམས་འཛུགས་ཀྱི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་ཇེ་མཐོར་བཏང་ནས། གཙོ་བོ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཁྱབ་ཁོངས་གཙོ་བོའི་ཁྲིམས་འཛུགས་ལ་དོ་སྣང་བྱེད་དགོས། 

ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་ཞིབ་བཤེར་འབུར་ཐོན་དུ་བྱས་ཏེ་བསྐྱར་ཞིབ་བྱེད་པ་དམ་འཛིན་སྒོས་ལྟ་རྟོག་གི་ཕན་ནུས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་གྱི་བཅའ་ཁྲིམས་ཤེས་བྱའི་དྲིལ་སྒྲོག་དང་ཁྱབ་གདལ་ལ་ཤུགས་སྣོན་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱི་སྣེ་ཁྲིད་ནས་ཁྲིམས་སྐྱོང་གིས་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་ལ་འགན་སྲུང་བྱས་ནས། སྟོབས་ཤུགས་མཉམ་འདྲིལ་གྱིས་སྐྱེ་ཁམས་དཔལ་ཡོན་གཙིགས་སུ་བཀུར་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་གསར་བསྐྲུན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།