ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་བྱ་བའི་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གྲོས་ཀྱི་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་ནན་མོ་བྱས་ཤིང་། ཨུ་ཡོན་བྱ་བའི་ཉམས་མྱོང་སྤྱི་སྡོམ་དང་བརྗེ་རེས་བྱས་པ་དང་། ཨུ་ཡོན་བྱ་བར་སྔར་ལས་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པར་བཀོད་སྒྲིག་བྱས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གཏམ་བཤད་པ་དང་། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཀྲང་ཧྲིག་ཁྲིན། ཏུའུ་ཅེ་བཅས་གྲོས་ཚོགས་ལ་ཞུགས་ཤིང་། ཀྲུའུ་ཞི་གཞོན་པ་མ་ཧེ་དབྱིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

རྡོ་རྗེ་རབ་བརྟན་གྱིས་བཤད་དོན། སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱིས་ཨུ་ཡོན་བྱ་བར་ཧ་ཅང་མཐོང་ཆེན་བྱས་ཏེ། ཨུ་ཡོན་བྱ་བར་ཤུགས་སྣོན་པའི་གཞི་རྩའི་བསམ་ཕྱོགས་དང་ལས་འགན་གཙོ་བོ། བྱེ་བྲག་གི་རེ་བ་བཅས་གཏན་ལ་ཕབ་པ་དང་། ཞིང་ཆེན་སྲིད་གྲོས་ཨུ་ཡོན་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པར་སྐུལ་འདེད་བཏང་། ཏང་གི་འཛུགས་སྐྲུན་ཕྱོགས་ནས། ཆེད་དོན་ཨུ་ཡོན་ལྷན་ཁང་དུ་ཁག་བགོས་ཏང་ཙུའུ་བཙུགས་པ་དང་ཨུ་ཡོན་གྱིས་རྟོག་ཞིབ་ལྟ་ཞིབ་དང་ཕྱི་ལ་རྟོག་ཞིབ་བྱེད་པར་འགྲོ་བ་དང་། སློབ་སྦྱོང་གསོ་སྦྱོང་སྐབས་སུ་གནས་སྐབས་ཏང་ཀྲི་པུའུ་འཛུགས་པའི་ལམ་ལུགས་བཙུགས་པས། སྲིད་གྲོས་ཏང་གི་རྩ་འཛུགས་དེ་ཏང་ཡོན་ཨུ་ཡོན་ཁྲོད་དུ་ཁེབས་པར་བྱས་པ་དང་སྲིད་གྲོས་ཏང་གི་བྱ་བ་དེ་ཨུ་ཡོན་ཁྲོད་དུ་ཁེབས་པ་མངོན་འགྱུར་བྱས། རིགས་གཞུང་དྲག་ཆས་ཕྱོགས་ནས། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་འཆད་ཁྲིད་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་སློབ་སྦྱོང་ཞིབ་བསྡུར་ལམ་ལུགས། ཆེད་དོན་བྱ་བ་གཙོ་བོའི་དྲིལ་སྒྲོག་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ཞིང་ཆེན་ཨུ་ཡོན་གྱི་འགན་འཁྲིའི་ཁག་ཁུར་ནུས་པ་ཇེ་ཆེར་གཏོང་བ་སོགས་བརྗོད་དོན་གཙོ་བོའི་ལག་ལེན་བྱ་འགུལ་སྤེལ་བར་དམིགས་ནས། ཨུ་ཡོན་གྱི་ཆབ་སྲིད་འགན་འཁྲིའི་བསམ་པ་སྔར་ལས་ཇེ་དྲག་ཏུ་གྱུར། འགན་འཁྲི་ལག་བསྟར་དང་ལག་ལེན་ཕྱོགས་ནས། རིམ་པ་སོ་སོའི་སྲིད་གྲོས་ཀྱིས་ཧུར་ཐག་སྒོས་འགན་འཁྲི་ལག་བསྟར་བྱེད་པའི་སྟེགས་བུ་རྒྱ་སྐྱེད་དེ་གཅིག་ཅན་བཞི་ཡི་བྱ་འགུལ་རྒྱ་ཆེར་སྤེལ་ནས། ཨུ་ཡོན་གྱིས་གྲོས་མོལ་སྲིད་གླེང་ཆུ་ཚད་མཐོར་འདེགས་སུ་བཏང་ཟེར།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཨུ་ཡོན་ནི་རང་ཞིང་གི་སྲིད་གྲོས་བྱ་བའི་གཙོ་གཞི་ཡིན་ལ། རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་དང་འབྲེལ་འདྲིས་བྱེད་པ་དང་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོར་སྐུལ་འདེད་གཏོང་བ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཞབས་ཞུ་སྒྲུབ་པའི་སྟོབས་ཤུགས་གཙོ་བོ་ཡིན་པས། འགོ་ཚུགས་ས་གསར་བ་ནས་ཨུ་ཡོན་བྱ་བར་སྔར་ལས་ཤུགས་སྣོན་དང་ལེགས་སྒྱུར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཏང་ཙུའུ་ཡིས་འགོ་ཁྲིད་ཀྱི་འགན་འཁྲི་དང་ལེན་བཟང་བོ་བྱེད་པ་དང་། ཨུ་ཡོན་དཔུང་སྡེ་འཛུགས་སྐྲུན་དང་སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་བྱས་ནས། སྲིད་གྲོས་ཨུ་ཡོན་གྱི་ཆབ་སྲིད་བྱང་ཚད་དང་འགན་འཁྲི་ལག་བསྟར་བྱང་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་འགྲོ་བར་སྟོབས་དང་ལྡན་པའི་ཆབ་སྲིད་ཁག་ཐེག་འདོན་སྤྲོད་བྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་འཁུར་བློ་མཐུན་དང་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་དང་དྲུང་ཡིག་ཆེན་མོ་གཞོན་པ། དེ་མིན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།