ཁྲིན་རོས་ཧྥུན་གྱིས་མཚོ་ལྷོ་ཁུལ་དུ་རྟོག་ཞིབ་བྱེད་སྐབས་གཞི་རིམ་གྱི་དྲིལ་སྒྲོག་བསམ་བློའི་བྱ་བར་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཁྲིན་རོས་ཧྥུན་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞིའི་ཉིན་བར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གུང་ཧོ་རྫོང་དང་། ཀོས་ནན་རྫོང་། ཁྲི་ཀ་རྫོང་བཅས་སུ་སོང་ནས་གཞི་གྲངས་ཆེན་མོའི་ཐོན་ལས་ར་བ་དང་། ཡོངས་འཛིན་འཚོལ་བཤེར། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས། རྫོང་རིམ་པའི་སྨྱན་བྱད་མཉམ་འདྲེས་ལྟེ་གནས་སོགས་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། གཞི་རིམ་གྱི་དྲིལ་སྒྲོག་བསམ་བློའི་རིག་གནས་བྱ་བར་རྒྱུས་ལོན་བྱས། 

ཁྲིན་རོས་ཧྥུན་གྱིས་བསྟན་དོན། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་དང་རྫོང་རིམ་པའི་སྨྱན་བྱད་མཉམ་འདྲེས་ལྟེ་གནས་དེ་དུས་རབས་གསར་བའི་རྒྱལ་སྐྱོང་སྲིད་འཛིན་གྱི་སྟེགས་བུ་གསར་བ་ཡིན་པའི་ཆ་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཁ་ཕྱོགས་ཡང་དག་དམ་འཛིན་དང་ཕན་ནུས་ལྡན་པའི་སྒོ་ནས་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ། སྟེགས་བུའི་འཛུགས་སྐྲུན་དོ་དམ་དང་སྒྲིག་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བརྡ་འཕྲིན་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དམངས་འཚོའི་ཞབས་ཞུ་ཇེ་བཟང་དུ་གཏོང་བ་བཅས་གཞི་གཅིག་ཏུ་བྱས་ནས། ཟོལ་མེད་ཀྱིས་མང་ཚོགས་རྩ་འཛུགས་དང་མང་ཚོགས་སྐུལ་སློང་། མང་ཚོགས་ལ་དྲིལ་སྒྲོག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ཟེར། 

ཁྲིན་རོས་ཧྥུན་གྱིས་ནན་གྱིས་བསྟན་དོན། གྲངས་ལྡན་ཐོན་ལས་ཅན་དང་ཐོན་ལས་གྲངས་ལྡན་ཅན་རྒྱུན་འཁྱོངས་བྱས་ཏེ། ཁ་ཕྱོགས་དང་ནང་དོན། སྤུས་ཚད་བཅས་ཀྱི་གནད་དམ་འཛིན་གང་ལེགས་བྱས་ནས་མཉམ་ལས་མཉམ་འཛུགས་ཀྱི་གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་ཞིག་འཚོལ་ཞིབ་བྱེད་དགོས། ཡོངས་འཛིན་འཚོལ་བཤེར་དེ་འཕེལ་རྒྱས་འཐབ་ཇུས་ཆེན་མོར་བརྩིས་ནས། ནང་དོན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ལག་རྩལ་ཆུ་ཚད་ཇེ་མཐོར་བཏང་སྟེ། རྒྱུན་ཆད་མེད་པར་དྲིལ་སྒྲོག་དང་ཤུགས་རྐྱེན་ཇེ་ཆེར་གཏོང་དགོས་ཟེར། 

ཁྲིན་རོས་ཧྥུན་གྱིས་རིམ་པ་སོ་སོའི་ཏང་ཨུ་ཡིས་ནན་ཏན་གྱིས་ཀྲུང་གོའི་གུང་ཁྲན་ཏང་དྲིལ་སྒྲོག་བྱ་བའི་སྲོལ་ཡིག་དངོས་འབེབ་བྱེད་པ་དང་། ཞང་དང་གྲོང་རྡལ་ཏང་ཨུའི་དྲིལ་སྒྲོག་ཨུ་ཡོན་དང་སྡེ་བ་དང་སྡོད་ཁུལ་གྱི་དྲིལ་སྒྲོག་མི་སྣའི་དཔུང་སྡེ་འཐུས་ཚང་དུ་བཙུགས་ནས་གཞི་རིམ་བྱ་བའི་སྟོབས་ཤུགས་ཇེ་བརྟན་དུ་གཏོང་དགོས། རིམ་པ་སོ་སོའི་དྲིལ་སྒྲོག་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནན་ནན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལ་དམིགས་ཤིང་། འགུལ་སྐྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ་དང་བྱེད་ཐབས་གསར་གཏོད་བྱེད་པ། གྲུབ་འབྲས་དངོས་ཐོབ་པ་རྒྱུན་འཁྱོངས་དང་སྔར་ལས་ལྷག་པའི་སྒོ་ནས་གཞུང་ལུགས་དང་གླེང་ཕྱོགས། དྲ་རྒྱའི་སྟེང་གི་འབྲེལ་ཡོད་གནས་ཚུལ། དེ་མིན་རིག་གནས་རིག་རྩལ་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བཅས་ལ་གཅིག་གྱུར་བཀོད་འདོམ་བྱས་ནས། གཞི་རིམ་དྲིལ་སྒྲོག་བསམ་བློའི་བྱ་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།