མ་དངུལ་སྒོར་དུང་ཕྱུར་9.82ཡིས་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ལས་གཞི51གི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཁྱོན་ཡོངས་ནས་སྤྱི་བའི་འཕྲོད་བསྟེན་གྱི་མི་འདང་ས་ཁ་གསབ་དང་། སྐྱོན་ཆ་ཁ་གསབ། ཞན་ཆ་སྟོབས་ལྡན་དུ་གཏོང་བའི་བྱ་བ་ལེགས་པོར་སྒྲུབ་ཏེ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་ཤུགས་མཐོ་རུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཧུར་བརྩོན་འོག ཉེ་ཆར། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་2020ལོའི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར9.82བཏང་ནས། རིམས་ནད་འགོག་བཅོས་ཚོད་འཛིན་མྱུར་སྐྱོབ་ཀྱི་དགོས་མཁོ་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མི་འདང་ས་ཁ་གསབ་བྱེད་པ་གཙོས་མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་རིམས་ནད་མྱུར་སྐྱོབ་རྟེན་གཞི་དང་། རྫོང་རིམ་པའི་སྨན་ཁང་གི་མྱུར་སྐྱོབ་ནུས་ཤུགས་མཐོར་འདེགས་སུ་གཏོང་བ་སོགས་སྣ6གི་ལས་གཞི་51འཛུགས་སྐྲུན་བྱེད་རྒྱུ་རེད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་ལ། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་ལ་རྐང་བཙུགས་ཏེ། གཅིག་གྱུར་འཆར་འགོད་དང་ཚན་རིག་གིས་བཀོད་སྒྲིག་བྱས་ཏེ། མཚོ་སྔོན་གྱི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་དངུལ་གཏོང་ཤུགས་ཚད་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་མ་དངུལ་སྒོར་36.2བརྩོན་ལེན་བྱས་ནས། འཕྲོད་བསྟེན་ལས་གཞི202ལག་བསྟར་བྱས་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་མཚོ་སྔོན་གྱི་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་ཆས་ཆ་རྐྱེན་ལེགས་བཅོས་དང་། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་བ་དང་། མཚོ་སྔོན་གྱིས་འཕྲལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ཞི་བའི་ཐག་གཅོད་བྱེད་པ་གཉིས་ཟུང་འབྲེལ་སྒོས་མཚོ་སྔོན་གྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་སུ་གཏོང་བར་གཞོགས་འདེགས་མཁོ་འདོན་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།