མཚོ་སྔོན་གྱི་དབུལ་ཐར་ངལ་རྩོལ་ནུས་ཤུགས་མི་ཁྲི་17ཡིས་ལས་བགོས་ཡོང་སྒོ་འཕར་བསྣོན་མངོན་འགྱུར་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ། མཚོ་སྔོན་ཞིང་ཆེན་མི་དོན་སྡེ་ཁག་གིས་ཏན་ཏིག་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་དབུལ་ཐར་མཁྲེགས་གཏོར་ལས་རྣམ་པར་རྒྱལ་བའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། ཤུགས་སྣོན་དང་ཁ་གསབ། གཙང་སེལ་དང་སྐྱེལ་བ། སྐུལ་སྤེལ་བཅས་ཕྱོགས་ལྔའི་བྱ་བ་འབུར་ཐོན་དུ་བྱེད་པ་དང་། གནད་ཁེལ་ཐབས་ཇུས་དང་ལས་བགོས་དབུལ་སྐྱོར་སྲ་བརྟན་དུ་བཏང་ནས་ཆེད་སྤྱོད་བྱ་འགུལ་བརྟན་འཇགས་དང་མཐོར་འདེགས་སུ་བཏང་བས། དབུལ་ཐར་ངལ་རྩོལ་ནུས་ཤུགས་ཁྲི་17ཡིས་ལས་བགོས་ཡོང་སྒོ་འཕར་བ་མངོན་འགྱུར་བྱུང་ཞིང་། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་6000ལས་བརྒལ།

ཤེས་གསལ་བྱུང་བ་ལྟར་ན། ད་ལོར། མཚོ་སྔོན་མི་དོན་སྡེ་ཁག་གིས་རིམས་ནད་ཀྱི་ཤུགས་རྐྱེན་ལ་གདོང་གཏད་དེ། ལས་བགོས་དབུལ་སྐྱོར་དང་གཏན་འཇགས་དྲུག་གི་བྱ་བ་དོན་འཁྱོལ། གཏན་འཇགས་དྲུག་གི་ལས་འགན་བཀོད་སྒྲིག་ལ་སྐུལ་འདེད་བྱས་ཤིང་། དོན་འཁྱོལ་དང་སྔ་གཞུག་ཏུ་རིམས་ནད་ལ་ཁ་གཏད་དེ་སྔར་ལས་ལྷག་པའི་སྒོ་ནས་ལས་བགོས་དབུལ་སྐྱོར་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར་སོགས་ཀྱི་སྲིད་ཇུས་བྱེད་ཐབས་དཔར་འགྲེམ་བྱས་པ་དང་། ཐབས་ལམ་མང་བ་དང་བྱེད་ཐབས་མང་བས་གནས་སྐོར་ལས་བགོས་ལ་སྐུལ་འདེད་བཏང་། 

མཚོ་སྔོན་གྱིས་དཀའ་ཁག་ཡོད་པའི་ངལ་རྩོལ་ནུས་ཤུགས་ཀྱི་ལག་རྩལ་གསོ་སྦྱོང་མི་ཐེངས2.49ལག་བསྟར་བྱས་པ་དང་། གནས་སྤོར་ལས་བགོས་མི་ཐེངས་ཁྲི་1.9མངོན་འགྱུར་བྱུང་། དབུལ་སྐྱོར་འཁོར་ཁང་འཛུགས་སྐྲུན་བྱེད་པ་དང་། སྡེ་བ་རིམ་པའི་སྤྱི་ཕན་རང་བཞིན་གྱི་དབུལ་སྐྱོར་ལས་གནས་གསར་སྤེལ་བྱེད་པ་བརྒྱུད་དེ། དཀའ་ཁག་ཡོད་པའི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི1.53ཉེ་ས་ནས་ལས་ཞུགས་བྱས་ཤིང་། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་1.5ཡན་ལ་སླེབས། མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་མཱ་ཀྲིན་ཅོན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཞིང་ཆེན་ཡོངས་སུ་དཀའ་ཁག་ཡོད་པའི་མི་གྲངས་ཁྲི་3.19ཡིས་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་དོ་དམ་སྲུང་སྐྱོབ་བྱ་བ་སྒྲུབ་བཞིན་ཡོད་ཅིང་། དུད་ཁྱིམ་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་2.16ལ་སླེབས་ཡོད། 

དེ་ལས་གཞན། མཚོ་སྔོན་གྱིས་ད་དུང་ལས་བགོས་ཁ་གསབ་དོན་འཁྱོལ་དང་། ཁེ་ལས་ལ་སྐུལ་མ་བྱས་ཏེ་ལས་བགོས་བྱེད་པ། དེ་མིན་མཚམས་སྦྱོར་ཞབས་ཞུ་དང་ལས་གནས་ལ་ལོག་པའི་འགྲིམ་འགྲུལ་ཁ་གསབ་སྟེར་བ་དང་། སྡེ་བ་རིམ་པའི་གནས་སྐབས་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་སྒྲིག་བཀོད་སོགས་ཀྱི་བྱེད་ཐབས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་ལས་བགོས་གཞི་ཁྱོན་ཆེ་རུ་བཏང་ནས། དབུལ་ཐར་ངལ་རྩོལ་ནུས་ཤུགས་བཏོན་ནས་ལས་བགོས་ཡོང་སྒོ་འཕར་བར་སྐུལ་འདེད་བཏང་། ད་ལྟའི་བར་དུ། ཞིང་ཆེན་ཡོངས་སུ་སྤྱི་ཕན་རང་བཞིན་གྱི་དབུལ་སྐྱོར་ལས་གནས་ཁྲི2.35ཁ་བསྣོན་བྱུང་བ་དང་། འཆར་གཞིའི་བརྒྱ་ཆའི109ལེགས་འགྲུབ་བྱས།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།